མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་ས་ཁམས་ཆ་འཕྲིན་ཐོན་ལས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་བཏོན་པ།

རྩོམ་པ་པོ། ལྷག་པ།  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན་དྲ་ཚིགས།  2014-02-01 13:31

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གི་ས་ཁམས་ཆ་འཕྲིན་ཐོན་ལས་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་ཞེས་པ་ཉིན་ཤས་གོང་ཁྱབ་སྤེལ་བྱས་པ་དང་། བསམ་འཆར་ནང་། ལོ་ལྔ་ནས་བཅུའི་བར་གྱི་དུས་ཚོད་སྤྱད་དེ། རང་རྒྱལ་གྱི་ས་ཁམས་ཆ་འཕྲིན་ཐོབ་པ་བྱེད་པའི་ནུས་པ་མངོན་གསལ་དོད་པོས་མཐོ་རུ་གཏོང་རྒྱུ་དང་། ཚན་རྩལ་གསར་སྐྲུན་ནུས་པ་རྒྱུན་མཐུད་དུ་ཤུགས་ཆེ་རུ་གཏོང་རྒྱུ། ཁྲོམ་རའི་ལྟ་སྐུལ་དོ་དམ་ནུས་ལྡན་དང་། འགྲན་རྩོད་གོ་རིམ་ལྡན་པ། ཐོན་རྫས་སྔར་བས་ཕུན་སུམ་ཚོགས་པ། བཀོལ་སྤྱོད་སྔར་བས་ཁྱབ་རྒྱ་ཆེ་བ། ཐོན་ལས་ཀྱི་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་མངོན་གསལ་དོད་པོས་མཐོ་རུ་འགྲོ་བ་བཅས་བྱེད་རྒྱུ་ཡིན་ཞེས་བཏོན་འདུག

    བསམ་འཆར་ནང་། གཙོ་གནད་ཁྱབ་ཁོངས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་། རྒྱང་ཚོར་གྲངས་གཞི་ཐོབ་ཐབས་དང་ཐག་གཅོད་ནུས་པ་ཆེ་རུ་གཏོང་བ། ཐིག་ལེན་རིས་འབྲིའི་བཀོལ་སྤྱོད་སྲུང་སྐར་དང་། མཐོ་ཚད་མཐོ་བ་དང་འབྲིང་བའི་མཁའ་ཐོག་པར་ལེན་གནམ་གྲུ། མཐོ་ཚད་དམའ་བའི་མི་མེད་གནམ་གྲུ། ས་ངོས་རྒྱང་ཚོར་སོགས་མ་ལག་གོང་འཕེལ་གཏོང་བ། འཇིག་རྟེན་མཁའ་སྐྱོད་ནས་ས་ཐོག་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་གྲངས་གཞི་ཐོབ་པ་བྱེད་པའི་སྒྲིག་ཆས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། ས་ཁམས་ཆ་འཕྲིན་སྒྲིག་ཆས་བཟོ་སྐྲུན་དར་སྤེལ་གཏོང་བ། ཤེས་བྱའི་ཐོན་དབང་ལྡན་པའི་སྤུས་ཚད་འབྲིང་བ་དང་ལེགས་པའི་ས་ཁམས་ཆ་འཕྲིན་ལག་རྩལ་སྒྲིག་ཆས་ཐོན་སྐྱེད་ཁེ་ལས་ཆེ་གྲས་འགའ་ཤས་གསོ་སྤེལ་བྱེད་པ། ས་ཁམས་ཆ་འཕྲིན་གཉེན་ཆས་ཞིབ་བཟོ་གསར་སྤེལ་དང་ཐོན་ལས་ཅན་གྱི་ཆུ་ཚད་གོང་མཐོར་གཏོང་བ། ཐོན་གསར་པའི་དྲ་སྦྲེལ་དང་ཟོག་སྦྲེལ་དྲ་བ། ཡུན་རྩིས་སོགས་ལག་རྩལ་གསར་པའི་འཕེལ་ཚུལ་དང་ཟུང་འབྲེལ་གྱིས། ས་ཁམས་ཆ་འཕྲིན་གཉེན་ཆས་ཞིབ་བཟོ་གསར་སྤེལ་ལ་སྐུལ་སྤེལ་ཤུགས་ཆེན་གཏོང་བ། ས་ཁམས་ཆ་འཕྲིན་དང་ཕྱོགས་སྟོན་གནས་གཏན་འཁེལ་མཉམ་འདྲེས་ཞབས་ཞུ་གོང་འཕེལ་གཏོང་བ། བྱང་སྐར་སྲུང་སྐར་ཕྱོགས་སྟོན་ཐོན་ལས་གོང་འཕེལ་གཏོང་བ་དང་ཟུང་འབྲེལ་གྱིས། ཕྱོགས་སྟོན་གློག་རྡུལ་ས་བཀྲ་དང་དྲ་སྦྲེལ་ས་བཀྲ་སོགས་གནས་སར་གཞིགས་པའི་ཞབས་ཞུའི་ནུས་པ་མཐོ་རུ་གཏོང་བ། ས་ཁམས་ཆ་འཕྲིན་བེད་སྤྱོད་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ་བཅས་ཡིན་ཞེས་བཏོན་འདུག

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག