མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་གི་ཤང་ཀང་ལ་ཕན་པའི་སྲིད་ཇུས་དེས་ཤང་ཀང་བ་དང་ཤང་ཀང་གི་ཁེ་ལས་ནང་སར་གོང་འཕེལ་གཏོང་བར་ཡོང་རྒྱུར་སྐུལ་མ་བཏང་བ།

རྩོམ་པ་པོ། ལྷག་པ།  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན་དྲ་ཚིགས།  2014-02-01 13:31

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཤང་ཀང་མེས་རྒྱལ་གྱི་པང་དུ་ལོག་ཚུན། ཀྲུང་དབྱང་སྲིད་གཞུང་གིས་ཤང་ཀང་ལ་ཕན་པའི་སྲིད་ཇུས་རབ་དང་རིམ་པ་བཏོན་ནས། ཤང་ཀང་བ་ནང་སར་འཚོ་བ་སྐྱེལ་བ་དང་ལས་དོན་སྒྲུབ་པར་ཡོང་རྒྱུར་རྒྱབ་སྐྱོར་དང་། ཤང་ཀང་གི་ཁེ་ལས་ནང་སར་གོང་འཕེལ་གཏོང་རྒྱུར་སྐུལ་མ་བཏང་ཡོད་པ་རེད།

    དུས་མཚམས་དེའི་རིང་། ཉིན་ལྟར་ལོ་ཧུའུ་འགག་སྒོ་སྒྲོལ་བའི་འགྲུལ་པ་བསྟུད་མར་མིའི་ཐེངས་གྲངས་སུམ་འབུམ་ལས་བརྒལ་བ་དང་། དེའི་ཁྲོད་མང་ཆེ་བ་ནི་ཧྲེན་ཀྲེན་ནས་ཤང་ཀང་བར་ཕར་འགྲོ་ཚུར་འོང་བྱེད་མཁན་ཤང་ཀང་བ་ཡིན་པ་རེད། ཤང་ཀང་གི་མིག་ནད་ཚན་པའི་སྨན་པ་ལིན་ཧྲུན་ཁྲའོ་ནི་ཁོང་ཚོའི་ཁྲོད་ཀྱི་མི་གཅིག་ཡིན་པ་དང་། ན་ནིང་སྤྱི་ཟླ་༣པར། ཁོང་གིས་ཧྲེན་ཀྲེན་དུ་ཤང་ཀང་ནས་མ་འཇོག་རྐྱང་པ་བྱས་པའི་ནང་སའི་སྨན་ཁང་ཐོག་མ་དེ་འཛུགས་སྐྲུན་བྱས་པ་རེད།

    ལིན་ཧྲན་ཁྲའོ་ནས་ནང་སར་སྨན་ཁང་འཛུགས་ཐུབ་པ་དེ་ནི། ནང་ས་དང་ཤང་ཀང་བར་སྔར་བས་ཟབ་པའི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་འཛུགས་རྒྱུའི་སྐོར་གྱི་བཀོད་སྒྲིག་ཞེས་པ་ལག་བསྟར་གཏིང་ཟབ་བྱས་པ་ལས་བྱུང་བ་ཞིག་ཡིན། ད་ལོའི་སྤྱི་ཟླ་དང་པོའི་ཚེས་གཅིག་ཉིན། ནང་ས་དང་ཤང་ཀང་བར་སྔར་བས་ཟབ་པའི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་འཛུགས་རྒྱུའི་སྐོར་གྱི་བཀོད་སྒྲིག་ཞེས་པའི་ཁ་གསབ་གྲོས་ཆོད་བཅུ་ཡི་ནུས་པ་ཐོན་པ་དང་། ཞབས་ཞུའི་ཉོ་ཚོང་སྒོ་དབྱེ་དང་ཉོ་ཚོང་མ་འཇོག་སྟབས་བདེ་རུ་གཏོང་བའི་བྱ་ཐབས་དོན་ཚན་༧༣ཚུད་ཡོད། ད་བར་ནང་ས་དང་ཤང་ཀང་བར་སྔར་བས་ཟབ་པའི་དཔལ་འབྱོར་ཉོ་ཚོང་འབྲེལ་བ་འཛུགས་རྒྱུའི་སྐོར་གྱི་བཀོད་སྒྲིག་འོག ནང་སས་སྨན་བཅོས་དང་ཁྲིམས་ལུགས། དངུལ་རྩ། ལྟ་ཉན་འཕྲུལ་ཆས་སོགས་ཞབས་ཞུའི་ཉོ་ཚོང་རྣམ་གྲངས་༤༠༣ཤང་ཀང་གི་ཁྲོམ་རྭར་སྒོ་ཕྱེ་བའམ་ཁྲོམ་རའི་ཐོག་འདོན་པའི་ཆ་རྐྱེན་ལྷུག་ཏུ་བཏང་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག