མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལོ་སར་སྔོན་ལ་ལིས་ཁི་ཆང་གིས་ཧྲན་ཞིས་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་མཛད་པ་དང་ས་དེའི་མང་ཚོགས་ལ་འཚམས་འདྲི་མཛད་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-01-31 23:25

111.jpg

    ལིས་ཁི་ཆང་ཀྲུང་གོ་མཁའ་སྐྱོད་བཟོ་ལས་དང་པོའི་གནམ་གྲུ་ཇུས་འགོད་ཞིབ་འཇུག་གླིང་དུ་ཕེབས་ནས་དེ་གའི་ཆེད་མཁས་པ་དང་ལག་རྩལ་མི་སྣ་དང་མཉམ་དུ་གསུང་གླེང་མཛད་བཞིན་པ།

222.jpg

    ལིས་ཁི་ཆང་ཅིན་ཕོ་སྡེ་བར་ཕེབས་ཏེ། སྡེ་བའི་ཞིང་སའི་ཐན་སྐམ་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་གནང་བཞིན་པ།

333.jpg

    ལིས་ཁི་ཆང་ཨན་ཁཱང་རྒུད་སྐྱོབ་ས་ཚིགས་སུ་ཕེབས་ཏེ་བདག་མེད་བྱིས་པ་དང་ལོ་ལོན་རྣམས་ལ་འཚམས་འདྲི་མཛད་སྐབས་ལས་བྱེད་མི་སྣ་དང་གསུང་གླེང་གནང་བཞིན་པ།

    ཚེས་ཉེར་དྲུག་ནས་ཚེས་ཉེར་བརྒྱད་ཉིན་བར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཧྲན་ཞི་ཞིང་ཆེན་གྱི་ཧྲང་ལོ་དང་། ཨན་ཁཱང་། ཞིས་ཨན་སོགས་གྲོང་ཁྱེར་ལ་རྟོག་ཞིབ་དང་འཚམས་འདྲི་མཛད་སྐབས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་རྣམས་ལ་ལུགས་རྙིང་ལོ་སར་གྱི་རྟེན་འབྲེལ་ཞུས།

    ལིས་ཁི་ཆང་ཅིན་ཕོ་སྡེ་བར་ཕེབས་ཏེ། སྡེ་བའི་ཞིང་སའི་ཐན་སྐམ་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་གནང་སྐབས་གསུང་རྒྱུར། རྨོ་བསྐྱུར་ནགས་སྐྲུན་བྱ་བ་སྤེལ་དགོས་པའི་ཞོར་དུ་སྐྱེ་ཁམས་སྲུང་སྐྱོབ་བྱ་བ་དམ་འཛིན་བྱས་ནས་རྒྱ་ཆེའི་ཞིང་བ་མང་ཚོགས་ལ་ཕན་ཁེ་བསྐྲུན་དགོས་ཟེར།

    ལིས་ཁི་ཆང་ཨན་ཁཱང་རྒུད་སྐྱོབ་ས་ཚིགས་སུ་ཕེབས་ཏེ་བདག་མེད་བྱིས་པ་དང་ལོ་ལོན་རྣམས་ལ་འཚམས་འདྲི་མཛད་སྐབས་ལས་བྱེད་མི་སྣར་གསུང་རྒྱུར། སྤྱི་ཚོགས་རྒུད་སྐྱོབ་བྱ་བ་ནི་རྒུད་སྐྱོབ་བྱེད་དཀའ་བའི་དོན་དག་ཅིག་ཡིན་པས། ཏང་དང་སྲིད་གཞུང་གིས་འགན་ཁུར་དང་དུ་བླངས་ནས་དཀའ་ཁག་ཆེ་བའི་བདག་མེད་བྱིས་པ་དང་ལོ་ལོན་རྣམས་ལ་དོན་བཟང་བསྒྲུབ་དགོས་ཞེས་བསྟན།

    ཧྲན་ཞིས་ཞིང་ཆེན་གྱི་ལྷོ་ཕྱོགས་ས་ཁུལ་ནི་རང་བྱུང་གནོད་འཚེ་ཅུང་མང་བའི་ས་ཁུལ་ཞིག་ཡིན་པར་བརྟེན། མི་ཁྲི་སྟོང་མང་པོས་གནས་སྤར་ཏེ་དབུལ་ཕོངས་ལས་ཐར་བྱེད་དགོས་པས། ལིས་ཁི་ཆང་གིས་ཁོ་ཚོར་ཁྱིམ་གཞི་གསར་བ་ནས་འཚོ་བ་སྐྱིད་པོ་ཞིག་རོལ་བར་སྨོན་འདུན་ཞུས།

    རྟོག་ཞིབ་མཛད་སྐབས། ལིས་ཁི་ཆང་རླངས་འཁོར་ལ་བཞུགས་ཏེ་བསྐྱོད་སྐབས་སྦྲག་སྲིད་དངུལ་ཁང་ཞིག་ལ་ཐུག་ནས་རླངས་འཁོར་བསྐྱོད་མཚམས་བཞག་ནས། སྦྲག་སྲིད་དངུལ་ཁང་དུ་ཕེབས་ནས་ས་དེར་བྱ་བ་སྒྲུབ་བཞིན་པའི་ལས་བཟོ་བ་རྣམས་ལ་འཚམས་འདྲི་མཛད་ཞོར་དུ་རྒྱ་ཆེའི་མང་ཚོགས་ལ་ཞབས་ཕྱི་བཟང་བོ་བསྒྲུབ་དགོས་ཞེས་སྐུལ་མ་བཏང་།

    ལིས་ཁི་ཆང་ཀྲུང་གོ་མཁའ་སྐྱོད་བཟོ་ལས་དང་པོའི་གནམ་གྲུ་ཇུས་འགོད་ཞིབ་འཇུག་གླིང་དུ་ཕེབས་ནས། ཆེད་མཁས་པ་དང་ལག་རྩལ་མི་སྣར་འཚམས་འདྲི་མཛད་པ་དང་། མཁའ་སྐྱོད་བཟོ་ལས་ཞིབ་འཇུག་གསར་སྤེལ་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་གནང་བར་མ་ཟད། རྒྱ་ཆེའི་ཚན་རིག་ལག་རྩལ་མི་སྣས་ཀྲུང་གོའི་སྒྲིག་ཆས་བཀོལ་ཏེ་འཛམ་གླིང་དུ་བསྐྱོད་དགོས་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་བློ་གྲོས་དང་སྤོབས་པ་མཚོན་དགོས་ཞེས་རེ་བ་བཏོན།

    ལིས་ཁི་ཆང་གིས་ཧྲན་ཞིས་ཞིང་ཆེན་གྱིས་བླངས་བའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད་པ་མ་ཟད། ནུབ་རྒྱུད་གསར་སྤེལ་ཆེན་མོའི་ཁྲོད་དུ་འཐབ་ཇུས་འདེགས་སྐྱོར་གྱི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་དགོས་ཞེས་ནན་གྱིས་བསྟན།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག