མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་ནང་སོག་རང་སྐྱོང་ལྗོངས་ལ་ཕེབས་ནས་བྱ་བར་རྟོག་ཞིབ་མཛད་པ་དང་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་ཞུས་པ།

རྩོམ་པ་པོ། བཀྲ་ཤིས་འབུམ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-01-31 23:25

近平春节前夕赴内蒙古调研看望慰问各族干部群众1.jpg

    ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་ནང་སོག་རང་སྐྱོང་ལྗོངས་ལ་ཕེབས་ནས་བྱ་བར་རྟོག་ཞིབ་མཛད་པ་དང་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་ཞུས།

3.jpg

4.jpg

5.jpg

6.jpg

7.jpg

    ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་ནང་སོག་རང་སྐྱོང་ལྗོངས་ལ་ཕེབས་ཏེ། རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་ཞུས་པ་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་ལོ་སར་གྱི་བཀྲ་ཤིས་བདེ་བླག་ཞུས།

    ཚེས་ཉེར་དྲུག་དང་ཉེར་བརྒྱད་ཉིན་གཉིས་ལ་ཞི་ཅིན་ཕེན་ནང་སོག་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་ཝང་ཅོན་དང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲུའུ་ཞི་པ་ཐར་གཉིས་ཀ་དང་མཉམ་དུ་ཞིན་ཨན་མདའ་ཚན་དང་ཞིས་ལིན་གོ་ལེ་མདའ་ཚན། མཁར་སྔོན་པོ་གྲོང་ཁྱེར་སོགས་ཀྱི་ཞིང་ར་དང་ཕྱུགས་ར། ཁེ་ལས། འབྲོག་ཁྱིམ། གཞིས་ཁུལ་བཅས་ལ་ཕེབས་ནས་བྱ་བར་རྟོག་ཞིབ་མཛད་པར་མ་ཟད། རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་ཞུས།

    ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོར་ཞི་ཅིན་ཕེན་གྱིས་དགུན་ཁའི་གྲང་ངར་ལ་མ་འཛེམ་པར་ཞིན་ཨན་མདའ་ཚན་གྱི་ཨ་ཨར་ཧྲན་གྲོང་ཁྱེར་ལ་ཕེབས་ནས་ས་དེའི་ནགས་ཁུལ་བཅོས་སྒྱུར་འཕེལ་རྒྱས་དང་ཁང་རྙིང་བསྒྱུར་བཀོད་གནས་ཚུལ་ལ་རྟོག་ཞིབ་མཛད་པ་དང་ས་གནས་ཀྱི་ལས་བྱེད་པར་འབྲེལ་ཡོད་གནས་ཚུལ་ཞིབ་འདྲི་བྱས། ཞི་ཅིན་ཕེན་གྱིས་ང་ཚོ་ཏང་ཡོན་ལས་བྱེད་པ་ཚང་མར་འདི་ལྟ་བུའི་ངོས་ཟིན་ཡོད་དགོས་ཏེ། ཁྱིམ་ཚང་གཅིག་དང་ཡང་ན་མི་གཅིག་གི་གཞི་རྩའི་འཚོ་བའི་གནད་དོན་ཐག་གཅོད་མ་བྱས་ན་ང་ཚོའི་སེམས་བདེ་མི་སྲིད་ལ། མང་ཚོགས་ཀྱི་བདེ་སྐྱིད་འཚོ་བའི་རེ་འདུན་མངོན་འགྱུར་མ་བྱས་ན་ང་ཚོས་རྒྱུན་འཁྱོངས་ལྷོད་མེད་སྒོས་མང་ཚོགས་ཀྱི་སྣེ་ཁྲིད་ནས་འབད་འཐབ་བྱེད་དགོས་ཞེས་ནན་གྱིས་བསྟན།

    ཚེས་ཉེར་བདུན་ཉིན་གྱི་ཞོགས་པར་ཞི་ཅིན་ཕེན་ཞི་ལིན་ཧོ་ཐི་གྲོང་ཁྱེར་ཁྲུའུ་ཀུའུ་ལན་སྲང་ལམ་གྱི་དམངས་གཅེས་གཞིས་ཁུལ་དུ་ཕེབས་ཏེ། གཞིས་ཁུལ་གྱི་འཕྲོད་བསྟེན་ཞབས་ཕྱི་ས་ཚིགས་དང་རང་འདེམ་ཚོང་ར་སོགས་ལ་རྟོག་ཞིབ་མཛད་པ་དང་ས་དེའི་སྡོད་དམངས་རྣམས་དང་ཁ་བརྡ་བྱས་པར་མ་ཟད། སྡོད་ཁུལ་ཏང་རྩ་འཛུགས་ཀྱིས་དཀའ་ཁག་ཆེ་བའི་མང་ཚོགས་ཀྱི་བྱ་བ་དང་དུས་ཆེན་སྐབས་ཀྱི་ཚོང་རའི་མཁོ་འདོན་གནས་ཚུལ་ལ་རྒྱུས་ལོན་མཛད། ཁོང་གིས་གཞིས་ཁུལ་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་ཐབས་བརྒྱ་ཇུས་སྟོང་སྒོས་མང་ཚོགས་ཀྱི་འཚོ་བར་སྟབས་བདེ་གང་ལེགས་བསྐྲུན་དགོས་པ་དང་ཏང་དང་སྲིད་གཞུང་གི་དྲོད་སྐྱིད་ཁྱིམ་ཚང་ཁྲི་སྟོང་མང་བོར་སྐྱེལ་དགོས་ཞེས་ནན་གྱིས་བསྟན།

    ཚེས་ཉེར་བརྒྱད་ཉིན་གྱི་སྔ་དྲོར་ཞི་ཅིན་ཕེན་དབྱི་ལིས་སྡེ་ཚོགས་ལ་ཕེབས་ཏེ་ཁེ་ལས་ཀྱི་ཐོན་སྐྱེད་བདག་གཉེར་དང་ཟས་རིགས་བདེ་འཇགས་འགན་སྲུང་། དུས་ཆེན་སྐབས་ཀྱི་ཚོང་རའི་འདོན་སྤྲོད་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་མཛད། ཁོང་གིས་ཟས་རིགས་ཁེ་ལས་ཀྱིས་སྤུས་ཚད་ལེགས་ཤིང་ཡིད་ཆེས་བྱེད་ཆོག་པའི་ཟས་རིགས་སྣ་ཚོགས་ཐོན་སྐྱེད་བྱས་ནས་མི་དམངས་མང་ཚོགས་ཀྱི་བདེ་འཇགས་འཚོ་བར་འགན་སྲུང་བྱེད་དགོས་ཞེས་ནན་གྱིས་བསྟན། ཉིན་དེར་ཞི་ཅིན་ཕེན་མཁར་སྔོན་པོའི་གྲོང་ཁྱེར་གྱི་བྱིས་པའི་ཕན་བདེ་ཁང་དུ་ཕེབས་ནས་བྱིས་པ་རྣམས་ལ་འཚམས་འདྲི་ཞུས་པ་དང་ཁོ་ཚོའི་སློབ་སྦྱོང་དང་འཚོ་བའི་གནས་ཚུལ་ཞིབ་འདྲི་མཛད།

    རྟོག་ཞིབ་མཇུག་རྫོགས་སྐབས་ཞི་ཅིན་ཕེན་གྱིས་ནང་སོག་རང་སྐྱོང་ལྗོངས་ཏང་ཨུ་དང་སྲིད་གཞུང་གི་བྱ་བའི་ཡར་ཞུ་ལ་ཉན་པ་དང་། ཉེ་བའི་ལོ་འགའི་རིང་ལ་ནང་སོག་གིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ཡོང་བའི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད། ཞི་ཅིན་ཕེན་གྱིས་གསུངས་རྒྱུར། བཅོས་སྒྱུར་འཕེལ་རྒྱས་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་དེ་གཙོ་བོ་ཏང་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་བྱ་བའི་སྤྱོད་ཚུལ་བཟང་བོར་ཐུག་ཡོད། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ནན་ཏན་གྱི་སྙིང་སྟོབས་དར་སྤེལ་བྱས་ཏེ་སྐོར་ཐེངས་གཉིས་པའི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བ་དང་། ཏང་ཡོངས་ཀྱི་བློ་མཐུན་དང་ལྷག་པར་དུ་མགོ་ཁྲིད་ལས་བྱེད་པས་ཀུན་སྤྱོད་རྣམ་དག་བཟུང་སྟེ་ཧུར་བརྩོན་ཡར་ཐོན་གྱི་འཚོ་བར་རེ་སྙེག་བྱེད་དགོས་པ་དང་། གུང་ཁྲན་ཏང་མི་ཞིག་ལ་འཛོམས་པའི་སྤྱོད་བཟང་སྐྱེད་སྲིང་བྱེད་དགོས་པར་མ་ཟད་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་ཡིད་ཆེས་བྱེད་ཆོག་པའི་གུང་ཁྲན་ཏང་མི་བཟང་བོ་བྱེད་དགོས་གསུང་།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག