མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

དྲག་ཆས་ཉེན་རྟོག་དཔོན་དམག་གིས་བདག་མེད་ལོ་ལོན་རྣམས་ལ་ལོ་སར་གྱི་འཚམས་འདྲིའི་ལེགས་སྐྱེས་བྱིན་པ།

རྩོམ་པ་པོ། བཀྲ་ཤིས་འབུམ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-01-31 23:25

    ཟླ་དང་པོའི་ཚེས་ཉེར་བརྒྱད་ཉིན་གྱི་སྔ་དྲོར། དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱི་ཁྱབ་རུ་ཁག་སི་ལིན་པུའུ་ཡི་རླངས་འཁོར་རུ་འབྲིང་དང་དྲག་ཆས་ཉེན་རྟོག་མཁོ་སྒྲུབ་རུ་འབྲིང་གི་དཔོན་དམག་རྣམས་ཟི་ལིང་གྲོང་ཁྱེར་གྱི་མཁར་རྙིང་རྒན་གསོ་ཁང་དང་ཅ་ཞོ་ཀྲུང་གཞིས་ཁུལ་དུ་སོང་ནས་བདག་མེད་ལོ་ལོན་རྣམས་ལ་ལོ་སར་གྱི་འཚམས་འདྲི་ཞུས།

    ཉིན་དེའི་སྔ་དྲོའི་དུས་ཚོད་བཅུའི་སྟེང་དཔོན་དམག་རྣམས་ཟི་ལིང་མཁར་རྙིང་རྒན་གསོ་ཁང་ལ་སོང་ནས་བདག་མེད་ལོ་ལོན་རྣམས་ལ་འབྲས་དང་ཕྱེ། བཟའ་སྣུམ། སིལ་ཏོག ཞོ་སོགས་འཚམས་འདྲིའི་དངོས་བོ་བྱིན་པར་མ་ཟད་ལོ་སར་ལ་བཀྲ་ཤིས་བདེ་ལེགས་ཞུས། ཉེན་རྟོག་མཁོ་སྒྲུབ་རུ་འབྲིང་གི་དཔོན་དམག་རྣམས་ཅ་ཞོ་ཀྲུང་གཞིས་ཁུལ་གྱི་ལོ་ལོན་ལིག་ཡུས་ཝུན་ཚང་ལ་སོང་ནས་མོ་ལ་འབྲས་དང་ཕྱེ། བཟའ་སྣུམ་སོགས་འཚམས་འདྲིའི་ལེགས་སྐྱེས་བྱིན་པར་མ་ཟད་སྒོ་ཕྱི་ནང་གཙང་སྦྲ་བྱས་ནས་ལོ་སྐྱིད་པོ་ཞིག་རོལ་བར་གྲ་སྒྲིག་བྱེད་རོགས་བྱས།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག