མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ལཱ་ཏེན་མེ་གླིང་དང་ཅཱ་ལེ་པུས་རྒྱལ་ཁབ་ཀྱི་ཐུན་མོང་ཚོགས་པས་ཁུ་པཱ་ནས་མཐོ་རིམ་གྲོས་ཚོགས་སྐབས་གཉིས་པ་བདེ་བླག་ངང་སྤེལ་བར་རྟེན་འབྲེལ་ཞུས་པ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-01-31 23:23

    རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཟླ་དང་པོའི་ཚེས་སུམ་ཅུའི་ཉིན་སོ་སོར་ལཱ་ཏེན་མེ་གླིང་དང་ཅཱ་ལེ་པུས་རྒྱལ་ཁབ་ཀྱི་ཐུན་མོང་ཚོགས་པའི་སྐབས་སྔོན་མའི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཁུ་པཱ་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞི་ལའོ་ཨར་དང་ད་ལྟའི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཁོ་སི་ཐཱ་རེ་ཁཱའི་ཙུང་ཐུང་ཆན་ཆི་ལེ་ཡཱ་གཉིས་ལ་གློག་འཕྲིན་བཏང་སྟེ། ལཱ་ཏེན་མེ་གླིང་དང་ཅཱ་ལེ་པུས་རྒྱལ་ཁབ་ཀྱི་ཐུན་མོང་ཚོགས་པས་ཁུ་པཱ་ནས་མཐོ་རིམ་གྲོས་ཚོགས་སྐབས་གཉིས་པ་བདེ་བླག་ངང་སྤེལ་བར་མ་ཟད། ཀྲུང་གོ་དང་ལཱ་ཏེན་མེ་གླིང་དང་ཅཱ་ལེ་པུས་རྒྱལ་ཁབ་ཀྱི་ཐུན་མོང་ཚོགས་པའི་གླེང་སྟེགས་འཛུགས་པར་རྒྱབ་སྐྱོར་བྱེད་པའི་དམིགས་བསལ་གསལ་སྒྲོག་ལ་གྲོས་འཆམ་བྱུང་བར་རྟེན་འབྲེལ་དང་གཟེངས་བསྟོད་མཛད།

    ཞི་ཅིན་ཕེན་གྱིས་རྟེན་འབྲེལ་གློག་འཕྲིན་ནང་གསུང་དོན། ལཱ་ཏེན་མེ་གླིང་དང་ཅཱ་ལེ་པུས་རྒྱལ་ཁབ་ཀྱི་ཐུན་མོང་ཚོགས་པ་བཙུགས་པའི་ཚུན་ལ། ས་ཁུལ་རང་གི་གྲོས་མོལ་དང་མཉམ་ལས་ལ་ཡར་སྐུལ་བྱས་པ་དང་། སྣེ་མང་ཅན་གྱི་ཕྱི་འབྲེལ་ལ་ཤུགས་སྣོན་བྱས་ཏེ། རྒྱལ་སྤྱིའི་ཤུགས་རྐྱེན་སྔར་ལས་ཇེ་ཆེར་བཏང་། ཀྲུང་གོའི་ཕྱོགས་ཀྱིས་ལཱ་ཏེན་མེ་གླིང་དང་ཅཱ་ལེ་པུས་རྒྱལ་ཁབ་ཀྱི་ཐུན་མོང་ཚོགས་པས་ས་ཁུལ་གྱི་མཐུན་སྒྲིལ་མཉམ་ལས་ལ་ཡར་སྐུལ་བྱེད་པ་དང་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ཐག་གཅོད་བྱེད་པར་ནུས་པ་ཆེན་པོ་འདོན་ཐུབ་པར་ཡིད་ཆེས་ཡོད་ཅེས་གསུངས།

    ཞི་ཅིན་ཕེན་གྱིས་བསྟན་དོན། ལཱ་ཏེན་མེ་གླིང་དང་ཅཱ་ལེ་པུས་རྒྱལ་ཁབ་ཀྱི་ཐུན་མོང་ཚོགས་པའི་མཐོ་རིམ་གྲོས་ཚོགས་སྐབས་གཉིས་པ་ནས་ཀྲུང་གོ་དང་ལཱ་ཏེན་མེ་གླིང་དང་ཅཱ་ལེ་པུས་རྒྱལ་ཁབ་ཀྱི་ཐུན་མོང་ཚོགས་པའི་གླེང་སྟེགས་འཛུགས་པར་རྒྱབ་སྐྱོར་བྱེད་པའི་དམིགས་བསལ་གསལ་སྒྲོག་ལ་གྲོས་འཆམ་བྱུང་བ་ལས། ལཱ་ཏེན་མེ་གླིང་དང་ཅཱ་ལེ་པུས་རྒྱལ་ཁབ་སོ་སོས་ཀྲུང་གོའི་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་པའི་ཐུན་མོང་གི་རེ་འདུན་མངོན་པར་མཚོན་ཡོད་པ་དང་། ཀྲུང་གོ་དང་ལཱ་ཏེན་མེ་གླིང་དང་ཀྲུང་གོའི་འབྲེལ་བའི་ཆུ་ཚད་ཇེ་མཐོར་གཏོང་བར་ཕན་པ་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ལཱ་ཏེན་མེ་གླིང་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་ལཱ་ཏེན་མེ་གླིང་དང་ཅཱ་ལེ་པུས་རྒྱལ་ཁབ་ཀྱི་ཐུན་མོང་ཚོགས་པའི་གླེང་སྟེགས་འཛུགས་པའི་འཕེལ་རིམ་ལ་ཡར་སྐུལ་བྱས་ནས། འདྲ་མཉམ་གཉིས་ཕན་དང་ཐུན་མོང་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པའི་ཀྲུང་གོ་དང་ལཱ་ཏེན་མེ་གླིང་གི་ཕྱོགས་ཡོངས་ཀྱི་མཉམ་ལས་གྲོགས་པོའི་འབྲེལ་བར་སྟེགས་བུ་གལ་ཆེན་ཞིག་བསྐྲུན་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོ་དང་ལཱ་ཏེན་མེ་གླིང་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་ནས་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པའི་ཐད་བྱས་རྗེས་འཇོག་འདོད་ཡོད་ཅེས་གསུངས།

    རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་ལཱ་ཏེན་མེ་གླིང་དང་ཅཱ་ལེ་པུས་རྒྱལ་ཁབ་ཀྱི་ཐུན་མོང་ཚོགས་པའི་མཐོ་རིམ་གྲོས་ཚོགས་ནས་གྲོས་འཆམ་བྱུང་བའི་དམིགས་བསལ་གསལ་སྒྲོག་ལས་ཉེ་བའི་ལོ་འགའི་རིང་ལ་ཀྲུང་གོ་དང་ལཱ་ཏེན་མེ་གླིང་གི་ཁྱབ་ཁོངས་སོ་སོའི་མཛའ་མཐུན་མཉམ་ལས་འབྲེལ་བའི་འཕེལ་རྒྱས་གྲུབ་འབྲས་ལ་ཕྱིར་དྲན་བྱས་པ་དང་། ཕྱོགས་གཉིས་ཀྱི་མགོ་ཁྲིད་པས་ཀྲུང་གོ་དང་ལཱ་ཏེན་མེ་གླིང་གི་མཉམ་ལས་དང་། ཀྲུང་གོ་དང་ལཱ་ཏེན་མེ་གླིང་དང་ཅཱ་ལེ་པུས་རྒྱལ་ཁབ་ཀྱི་ཐུན་མོང་ཚོགས་པ་འཛུགས་པར་ཡར་སྐུལ་བྱས་པར་གདེང་འཇོག་ཆེན་པོ་བྱས་པས། ཀྲུང་གོ་དང་ལཱ་ཏེན་མེ་གླིང་དང་ཅཱ་ལེ་པུས་རྒྱལ་ཁབ་ཀྱི་ཐུན་མོང་ཚོགས་པའི་གླེང་སྟེགས་འཛུགས་པར་གྲོས་འཆམ་འགོད་པར་ཐག་བཅད་པ་ཡིན།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག