མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞིང་ལས་པུའི་ཕྱུགས་རིགས་སྨན་པ་ཅུས་ཀྱི་ཅུས་ཀྲང་གིས་བྱ་ཤའི་ནད་དུག་ནི་འགོག་ཐུབ་པ་ཞིག་ཡིན་ཞེས་བསྟན་པ།

རྩོམ་པ་པོ། ལྷག་པ།  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན་དྲ་ཚིགས།  2014-01-31 23:22

    ཞིང་ལས་པུའི་ཕྱུགས་རིགས་སྨན་པ་ཅུས་ཀྱི་ཅུས་ཀྲང་ཀྲང་ཀྲུང་ཆིའུ་ཡིས་སྤྱི་ཚེས་༢༩ཉིན། མིག་སྔར་བྱ་རིགས་འཆམ་རིམས་H7N9ནད་དུག་ནི་ཁྱིམ་བྱ་ལས་ཐད་ཀར་མི་ལ་འགོས་པ་ཞིག་ཡིན་པའི་དཔང་རྟགས་ཁུངས་བཙན་མེད་པས། དངོས་གཞིའི་ལམ་བུ་བརྒྱུད་ཉོས་པ་དང་རིམས་འགོག་ཞིབ་བཤེར་ཚད་ལོན་པའི་བྱ་ཤ་ནི་བདེ་འཇགས་ཤིག་ཡིན་ལ། བློ་བདེའི་ངང་ཟ་ཆོག་པ་ཞིག་ཡིན། ད་ལྟའི་བར། སྲོག་ཆགས་གང་ཞིག་ལས་མི་ལ་འགོས་པ་གཏན་འཁེལ་བྱེད་མི་ཐུབ་པ་དང་། ནད་དུག་ནི་ཁྱིམ་བྱ་ལས་ཐད་ཀར་མི་ལ་འགོས་པ་ཞིག་ཡིན་པའི་དཔང་རྟགས་ཁུངས་བཙན་མེད། མ་གཞི་མིག་སྔར་བྱ་རིགས་འཆམ་རིམས་H7N9ནད་དུག་འགོས་ཁྱབ་འགྲོ་ལུགས་རྦད་དེ་གསལ་པོ་མི་ཤེས་ནའང་། ནད་དུག་ཡོངས་ཀྱི་རིམས་འགོག་ནུས་པ་ཧ་ཅང་ཞན་པས། དྲོད་ཚད་མཐོ་པོས་ནད་དུག་སེལ་ཐུབ་ཀྱི་ཡོད། བྱས་ཙང་ཁ་ལག་བཟོ་སྐབས་བྱ་ཤ་འཚོས་པོ་བཙོས་ན་དེར་ནད་དུག་མེད་ཅེས་བསྟན་འདུག

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག