མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕིང་གིས་ལ་ཏིང་མེ་གླིང་དང་ཀ་ལ་པིད་རྒྱལ་ཁབ་ཐུན་མོང་མ་ལག་ལ་གློག་འཕྲིན་བཏང་གནང་བ།

རྩོམ་པ་པོ། ཚེ་འཛིན་དབང་མོ།  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན་དྲ་ཚིགས།  2014-01-31 23:22

    སྤྱི་ཚེས་༣༠ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁག་སོ་སོར་ལ་ཏིང་མེ་གླིང་དང་ཀ་ལ་པིད་རྒྱལ་ཁབ་ཐུན་མོང་མ་ལག་གི་རེས་འཁོར་ཀྲུའུ་ཞིའི་རྒྱལ་ཁབ། ཁུ་པའི་རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་པུའུ་ཀྲང་གྲོས་ཚོགས་ཀྱི་ཀྲུའུ་ཞི་གཅིག་ལྕོགས་ལའོ་ཨར་དང་། ད་ལྟའི་རེས་འཁོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་ཀོ་སི་ཐ་ལི་ཅའི་ཙུང་ཐུང་ཆན་ཆི་ལིད་ཡར་ཞལ་པར་བསྐྱོན་ཏེ། ལ་ཏིང་མི་གླིང་དང་ཀ་ལ་པིད་རྒྱལ་ཁབ་ཐུན་མོང་མ་ལག་གིས་ཁུ་པར་ལེགས་གྲུབ་ལྡན་པའི་སྒོ་ནས་སྐབས་གཉིས་པའི་འགོ་གཙོའི་གླེང་སྟེགས་ཚོགས་འདུ་སྐོང་འཚོགས་བྱས་པ་མ་ཟད། ཀྲུང་གོ་དང་ལ་ཏིང་མེ་གླིང་དང་ཀ་ལ་པིད་རྒྱལ་ཁབ་ཐུན་མོང་མ་ལག་གླེང་སྟེགས་འཛུགས་རྒྱུར་རྒྱབ་སྐྱོར་བྱེད་རྒྱུའི་དམིགས་བསལ་བསལ་བསྒྲགས་ལ་གྲོས་མཐུན་བྱས་པར་བཀྲིས་བདེ་ལེགས་ཞུས་པ་དང་བསྔགས་བརྗོད་གནང་ཡོད་པ་དང་།

    ཞི་ཅིན་ཕིང་གིས། ལ་ཏིང་མེ་གླིང་དང་ཀ་ལ་པིད་རྒྱལ་ཁབ་ཐུན་མོང་མ་ལག་གི་སྐབས་གཉིས་པའི་འགོ་གཙོའི་གྲོས་ཚོགས་ཀྱིས་ཀྲུང་གོ་དང་ལ་ཏིང་མེ་གླིང་དང་ཀ་ལ་པིད་རྒྱལ་ཁབ་ཐུན་མོང་མ་ལག་གླེང་སྟེགས་འཛུགས་རྒྱུར་རྒྱབ་སྐྱོར་བྱེད་རྒྱུའི་དམིགས་བསལ་བསལ་བསྒྲགས་ལ་གྲོས་མཐུན་བདེ་བླག་བྱུང་བ་དེའི་ཐོག་ནས་ལ་ཏིང་མེ་གླིང་དང་ཀ་ལ་པིད་རྒྱལ་ཁབ་ཁག་གིས་ཀྲུང་གོ་དང་ལ་ཏིང་མེ་གླིང་དང་ཀ་ལ་པིད་རྒྱལ་ཁབ་ཐུན་མོང་མ་ལག་གི་ཁྱོན་ཡོངས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་ཐུན་མོང་རེ་བ་མངོན་མངོན་ཡོད་ལ། དེས་ཀྲུང་གོ་དང་ལ་ཏིང་མེ་གླིང་དང་ཀ་ལ་པིད་རྒྱལ་ཁབ་ཐུན་མོང་མ་ལག་བར་གྱི་འབྲེལ་བའི་ཆུ་ཚད་གོང་མཐོར་གཏོང་རྒྱུར་ཕན་ཐོགས་ཡོད། ཀྲུང་གོའི་ཕྱོགས་ནས་ལ་ཏིང་མེ་གླིང་དང་ཀ་ལ་པིད་ཐུན་མོང་མ་ལག་དང་མུ་མཐུད་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་ལ་ཏིང་མེ་གླིང་དང་ཀ་ལ་པིད་རྒྱལ་ཁབ་ཐུན་མོང་མ་ལག་གི་གླེང་སྟེགས་གྲབས་འཛུགས་བྱེད་པའི་འཕེལ་རིམ་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་དང་། འདྲ་མཉམ་གཉིས་ཕན་དང་། ཐུན་མོང་གོང་འཕེལ་འགྲོ་བའི་ཀྲུང་གོ་དང་ལ་ཏིང་མེ་གླིང་དང་ཀ་ལ་པིད་རྒྱལ་ཁབ་ཐུན་མོང་མ་ལག་ཁྱོན་ཡོངས་མཉམ་ལས་རོགས་པའི་འབྲེལ་བར་སྐུལ་འདེད་གཏོང་ཆེད་གལ་ཆེའི་སྟེགས་བུ་སྐྲུན་ཏེ། ཀྲུང་གོ་དང་ལ་ཏིང་མེ་གླིང་དང་ཀ་ལ་པིད་རྒྱལ་ཁབ་ཐུན་མོང་མ་ལག་གི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་སྐྲུན་རྒྱུ་དང་། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་གོང་འཕེལ་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་གསུངས་ཡོད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག