མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སན་ཡ་ཧུང་ཧྲུའུ་གླིང་གུང་གསེང་མགྲོན་ཁང་གི་རྒྱན་འཛུགས་དོན་རྐྱེན་ནང་ཉེས་བསགས་དོགས་ཡོད་པ་༤འཛིན་བཟུང་བྱས་པ།

རྩོམ་པ་པོ། ལྷག་པ།  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན་དྲ་ཚིགས།  2014-01-31 23:18

    ཧའེ་ནན་ཞིང་ཆེན་སན་ཡ་གྲོང་ཁྱེར་གྱི་ཉེན་རྟོག་ཕྱོགས་ནས་ཧུང་ཧྲུའུ་གླིང་གུང་གསེང་མགྲོན་ཁང་གི་རྒྱན་འཛུགས་དང་འབྲེལ་བ་ཡོད་པའི་མི་སྣ་༢༡ཚོད་འཛིན་བྱས་ཟིན་པ་དང་། ཞིབ་བཤེར་བྱས་པ་བརྒྱུད་དེ་དག་ཁྲོད་ཀྱི་མི་དྲུག་ཉེས་དོན་བཀག་ཉར་བྱ་རྒྱུ་དང་། མི་༡༥སྲིད་འཛིན་བཀག་ཉར་བྱ་རྒྱུ་ཡིན་པ་རེད། སན་ཡ་ཉེན་རྟོག་ཕྱོགས་ནས་འཛིན་བཟུང་བྱས་པའི་སན་ཡ་ཧུང་ཧྲུའུ་གླིང་མགྲོན་ཁང་གི་རྒྱན་འཛུགས་དང་འབྲེལ་བའི་ཉེས་བསགས་དོགས་ཡོད་པ་བཞིར་སན་ཡ་གྲོང་ཁྱེར་ཞིབ་དཔྱོད་ཁང་ནས་འཛིན་བཟུང་བྱེད་ཆོག་པའི་ཆོག་མཆན་སྤྲད་ཡོད་པ་རེད། སན་ཡ་གྲོང་ཁྱེར་སྤྱི་བདེ་ཅུས་ཏང་ཨུད་ཀྱིས་དོན་རྐྱེན་དེའི་ནང་དུག་འགོག་ལས་དོན་སྤེལ་ནུས་ཞན་པའི་མཛའ་གྲོགས་ལམ་མངགས་གཏོང་ཁང་གི་འགོ་འཛིན་གྱི་གོ་གནས་གནས་དབྱུང་ཐག་གཅོད་བྱས་པ་དང་། དེ་མིན་འབྲེལ་ཡོད་མི་སྣར་འགན་འཁྲི་རྩད་གཅོད་བྱེད་བཞིན་ཡོད། སན་ཡ་གྲོང་ཁྱེར་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་དང་། ལྟ་ཞིབ་ཅུས་ནས་འབྲེལ་ཡོད་ལྟ་སྐུལ་དོ་དམ་ཚན་པར་འགན་འཁྲི་རྩད་གཅོད་བརྒྱུད་རིམ་ལག་བསྟར་བྱེད་འགོ་ཚུགས་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག