མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གིས་ནད་ཡམས་H7N9ཐོན་ཁུལ་དུ་བྱ་དེ་གསོན་པོའི་ཁྲོམ་ར་སྒོ་བརྒྱབ་པ།

རྩོམ་པ་པོ། སྐྱིད་པོ།  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན་དྲ་ཚིགས།  2014-01-31 23:18

    རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གིས་སྤྱི་ཚེས་༢༩ཉིན་ཡོངས་བསྒྲགས་བྱས་པའི་མི་ལ་བྱ་རིགས་ཆམ་ནད་H7N9འགོ་རྒྱུ་སྔོན་འགོག་ཚོད་འཛིན་བྱེད་པའི་ཇུས་གཞི་གསུམ་པ་དེ་བཏོན་པ་དང་། དེའི་ནང་ནད་ཡམས་ཐོན་ཁུལ་ས་ཁུལ་དང་གྲོང་ཁྱེར་གྱིས་བྱ་རིགས་གསོན་པོའི་ཁྲོམ་ར་སྒོ་རྒྱག་པ་དང་དུག་སེལ་མཐར་ཕྱིན་པ་བྱེད་དགོས་པའི་གྲོས་འགོ་བཏོན་པ་དང་། ཆ་རྐྱེན་ཡོད་པའི་ས་ཁུལ་དང་གྲོང་ཁྱེར་གྱིས་ནམ་དུས་རང་བཞིན་གྱི་ཁྲོམ་ར་སྒོ་རྒྱག་རྒྱུའི་བྱ་ཐབས་འཛིན་རྒྱུར་སྐུལ་མ་བཏང་ཡོད་པ་རེད། སྔོན་འགོག་ཚོད་འཛིན་ཇུས་གཞིའི་ནང་། ནད་ཡམས་མ་ཐོན་པའི་ས་ཁུལ་དང་གྲོང་ཁྱེར་གྱིས་བྱ་རིགས་གསོན་པོའི་ཁྲོམ་རར་ཉིན་གཅིག་ཐེངས་གཅིག་འཁྲུ་བ་དང་གཟའ་འཁོར་གཅིག་ནང་དུག་སེལ་ཐེངས་གཅིག་བྱེད་པ། ཟླ་བ་གཅིག་ནང་ཁྲོམ་ར་སྒོ་ཐེངས་རེ་རྒྱག་རྒྱུའི་བྱ་ཐབས་འཛིན་དགོས་པའི་གྲོས་འགོ་བཏོན་འདུག

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག