མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕིང་གིས་ཤིན་ཅང་གི་ལས་བྱེད་པ་དང་མང་ཚོགས། དེ་བཞིན་ཁོང་ཚོའི་ནང་མི་བཅས་ལ་མཛའ་བརྩེའི་འཚམས་འདྲི་གནང་བ།

རྩོམ་པ་པོ། ཚེ་འཛིན་དབང་མོ།    2014-01-31 23:16

    དཔྱིད་གསར་དུས་ཆེན་འཆར་བའི་མཚམས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཤིན་ཅང་གི་ལས་དོན་ལ་གལ་ཆེའི་མཆན་འགོད་མཛུབ་སྟོན་གནང་བ་དང་། ཤིན་ཅང་གི་བྱ་གཞག་ཁག་ལ་འཕེལ་རིམ་གསར་པ་ཐོན་པར་གདེང་འཇོག་གང་ལེགས་གནང་བ་མ་ཟད། ཤིན་ཅང་ཡོངས་ཀྱི་རིམ་ཁག་ལས་བྱེད་པ་དང་། མི་རིགས་ཁག་གི་མང་ཚོགས། དེ་བཞིན་ཁོང་ཚོའི་ནང་མི་བཅས་ལ་མཛའ་བརྩེའི་འཚམས་འདྲི་གནང་བ་དང་། ཤིན་ཅང་གི་བློ་མཐུན་ཡོངས་ཀྱིས་ཡང་འབད་བསྐྱར་འབད་བྱེད་རྒྱུ་དང་། སྤྱི་ཚོགས་བརྟན་ལྷིང་དང་། ཡུན་གནས་བདེ་འཁོད་ཀྱི་སྤྱིའི་དམིགས་འབེན་ལ་དམ་པོར་གཞིགས་ཏེ། གོ་སྐབས་དམ་འཛིན་གྱིས་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུ་དང་། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་དང་། མི་དམངས་བདེ་འཁོད་ལས་བརྩོན་ཡོང་བ་བྱེད་རྒྱུ། འབད་བརྩོན་ཆེན་པོས་ཚན་རིག་གོང་འཕེལ་དང་། བརྟན་ལྷིང་དར་རྒྱས་ལྡན་པའི་ཤིན་ཅང་། དམངས་ཕྱུག་མཐའ་དར་བཅས་ཀྱི་ལེའུ་གསར་པ་ཞིག་གི་འགོ་བརྩམས་དགོས་པའི་ཐུགས་རེ་གནང་ཡོད་པ་རེད།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཁྲུན་ཞན་གྱིས་རང་སྐྱོང་ལྗོངས་དེས་སྐོང་འཚོགས་བྱས་པའི་ཏང་ཨུད་རྒྱུན་ཨུད་ཀྱི་རྒྱས་འཛོམས་གྲོས་ཚོགས་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་མཆན་འགོད་མཛུབ་སྟོན་གྱིས་ཤིན་ཅང་ལས་དོན་གྱི་སྤྱིའི་དམིགས་འབེན་དང་། གཞི་རྩའི་མཛད་ཕྱོགས། ལས་ཀའི་ཁ་ཕྱོགས་བཅས་སླར་ཡང་བསལ་བཏོན་གནང་ཡོད་པ་དང་། དར་གོས་ལམ་བུའི་དཔལ་འབྱོར་ཁུལ་གཏོད་པའི་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་བྱེད་རྒྱུར་སླར་ཡང་ནན་བཤད་གནང་ཡོད་ཅེས་བཏོན་གནང་བ་ད་ང།

    ཀྲང་ཁྲུན་ཞན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སླར་ཡང་ཤིན་ཅང་གི་ལས་དོན་ལ་གལ་ཆེའི་མཆན་འགོད་མཛུབ་སྟོན་གནང་བ་དང་། ཤིན་ཅང་གི་ལས་དོན་ལ་གདེང་འཇོག་གང་ལེགས་གནང་ཡོད། དེའི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གིས་ཤིན་ཅང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། ཤིན་ཅང་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་མཛའ་བརྩེའི་་ཐུགས་ཁུར་གནང་གི་ཡོད་པ་མངོན་པ་དང་། དེ་ནི་ཤིན་ཅང་ཡོངས་ཀྱི་ལས་བྱེད་དང་མང་ཚོགས་ལ་སྐུལ་ལྕག་ཆེན་པོ་གནང་བ་ཞིག་ཡིན་པས། ཏན་ཏན་ང་ཚོས་ལས་དོན་ཁག་ཡག་པོ་བསྒྲུབས་པའི་བསམ་པའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་འགྱུར་ངེས་ཡིན་ཞེས་ནན་བཤད་གནང་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག