མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ནང་སོག་གི་ཁྱད་ཆོས་ཀྱི་ཕྱུག་པའི་མེ་འཁོར་མཚན་ཚོགས་ཀྱིས་ཁྱིམ་དུ་ལོག་མཁན་འགྲུལ་པར་སྤྲོ་བ་ཚད་མེད་སྟེར་བ།

རྩོམ་པ་པོ། མིག་དམར་རྒྱ་མཚོ།  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན་དྲ་ཚིགས།  2014-01-31 23:15

    ནང་སོག་ཧུ་ཧ་ཧའོ་ཐེ་ལྕགས་ལམ་ཅུད་ཀྱི་པའོ་ཐའུ་འགྲུལ་སྐྱེལ་དུམ་མཚམས་ཨ་ལ་ཧྲན་རྟགས་ཅན་གྱི་མེ་འཁོར་༤༦༦༡སྤྱི་ཚེས་༣༠ཉིན་གྱི་དགོང་མོ་ཧུ་ཧ་ཧའོ་ཐེ་ནས་ཨེ་ཆི་ནར་སྐྱོད་པའི་མེ་འཁོར་འཁོར་སྒྲོམ་ནང་ལས་དོན་པས་ཁྱིམ་དུ་ལོག་མཁན་འགྲུལ་པར་མེ་འཁོར་སྟེང་གི་དཔྱིད་གསར་དུས་ཆེན་གྱི་དགོང་མོའི་མཚན་ཚོགས་དགའ་གཏོང་བྱེད་ས་དངོས་བཀོད་སྒྲིག་ཞིབ་ཚགས་བྱས་ཡོད་པ་དང་། སྒེའུ་ཁུང་སྟེང་སྦྱར་བྱེད་ཀྱི་བྲེག་ཤོག་དང་། ལྒང་ཞུ། ཆ་འགྲིག་ཡི་གེ་རེ་རེས་འགྲུལ་བཞུད་པར་ཁྱིམ་དུ་ལོག་པའི་ལམ་བར་དུ་ལོ་གསར་གྱི་སྣང་བ་ཆེན་པོ་ཚོར་ཐུབ་པ་བྱུང་ནས་དྲོ་སྐྱིད་ལྡན་པའི་འགྲུལ་བཞུད་ཁོར་ཡུག་ཅིག་གཏོད་ཡོད་པ་རེད།

    ཉིན་དེའི་དགོང་དྲོའི་ཆུ་ཚོད་དགུ་དང་སྐར་མ་༢༠ཐོག་མེ་འཁོར་དུས་ཐོག་ཏུ་ཧུ་ཧ་ཧའོ་ཐེ་འབབ་ཚུགས་ནས་གཏོང་འགོ་ཚུགས་རྗེས་མེ་འཁོར་ནང་གི་འགྲུལ་པ་རྣམས་གཅིག་མཇུག་གཉིས་མཐུད་ངང་མེ་འཁོར་སྟེང་གི་དཔྱིད་གསར་དུས་ཆེན་གྱི་དགོང་མོའི་དུས་ཆེན་དགའ་གཏོང་བྱེད་སར་སླེབས་པ་རེད། ཨེ་ཆི་ནར་ལོ་གསར་གཏོང་བར་ལོག་མཁན་འགྲུལ་པ་སེ་ཆིན་པ་ཐར་ནས་པར་ལེན་ཞོར་དུ་སེམས་འགུལ་ཆེན་པོ་ཐེབས་པའི་ངང་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་མེ་འཁོར་ཐོག་ལའང་གཏོང་ཐུབ་ཀྱི་འདུག་པས་ཁྱེད་ཚོས་བྱེད་མི་ཐུབ་པ་གཅིག་ཀྱང་མི་འདུག་ཅེས་བཤད་པ་རེད། གྲུང་ཤ་དོད་པའི་སོག་རིགས་ཀྱི་གྲོགས་པོ་ཆུང་ཆུང་ཞིག་གིས་རང་ཉིད་ཀྱི་ཨ་མར་ཨ་མ་ལགས། མཉམ་སྤྲོའི་མཚན་ཚོགས་ག་དུས་འགོ་ཚུགས་རེད་དམ། ང་རང་ཡང་འཁྲབ་སྟོན་བྱེད་འདོད་འདུག་ཅེས་བཤད་པ་རེད།

    རེ་སྒུག་ཁྲོད་ཆུ་ཚོད་༢༡དང་སྐར་མ་༤༠ཐོག་གཙོ་སྐྱོང་པ་གཉིས་ཀྱིས་སོག་སྐད་དང་རྒྱ་སྐད་ཐོག་ནས་འགོ་འཛུགས་སྐད་ཆ་བཤད་པ་དང་། མེ་འཁོར་སྟེང་གི་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་དངོས་སུ་འགོ་ཚུགས་ཡོད། མགོ་བོར་རས་དམར་པོ་དཀྲིས་པ་དང་། སོག་རིགས་ཀྱི་གྱོན་ཆས་གྱོན་པ། གསེར་མདོག་ཅན་གྱི་འཇུར་རྟ་ཡོ་རིང་གྱོན་པའི་མེ་འཁོར་ཐོག་གི་ལས་དོན་པ་ཐན་རུའེ་ཡིས་ལྷན་རྒྱས་ལ་ནང་སོག་གི་ཞབས་བྲོ་འཁྲབ་པས་ས་ཆ་དངོས་སུ་ཡོད་པའི་ལྟད་མོ་བ་རྣམས་དགའ་སྤྲོའི་རྣམ་པས་ཁེངས་པ་རེད། མེ་འཁོར་སྟེང་གི་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་ཐོག་མཉམ་འགུལ་མང་པོ་ཡོད་པས་འགྲུལ་པ་ཚོ་དེའི་ནང་ཞུགས་འདོད་ཆེན་པོ་བྱུང་བ་དང་། གཙོ་སྐྱོང་པས་གར་སྟེགས་ཐོག་འཁྲབ་སྟོན་བྱེད་པར་ཡོང་འདོད་ཡོད་པའི་འགྲུལ་པ་ཡོད་དམ་ཞེས་འདྲི་དུས་གླུ་གཞས་གཏོང་འདོད་ཡོད་པའི་གྲོགས་པོ་ཆུང་ཆུང་དེས་འཕྲལ་མར་གར་སྟེགས་ཐོག་ཡོང་བས་ཚང་མའི་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་སོག་སྐད་ཀྱི་བྱིས་པའི་གླུ་གཞས་ཤིག་བཏང་བ་རེད། སོག་རིགས་ཀྱི་གྱོན་ཆས་གྱོན་པའི་ཨེ་ཆི་ནའི་འགྲུལ་པ་ཨེན་ཁེ་ཧའོ་རེ་པའོ་ཡིས་ཁོང་གི་དགའ་པོ་བྱེད་པའི་སྒྲ་བརྙན་རྟ་མགོ་མ་ཁྱེར་ནས་མེ་འཁོར་སྟེང་གི་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་ཐོག་འཁྲབ་སྟོན་བྱས་པས་ལས་ཡུལ་དངོས་ཀྱི་རྣམ་པ་འཁྲུག་ཤོས་སུ་འགྱུར་བ་རེད།

    མེ་འཁོར་ཐོག་གི་འགྲུལ་པ་ཝང་ཞ་ཡིས་དགའ་ཚོར་ཆེན་པོས་སྔ་ཙམ་ཁྱིམ་དུ་ལོག་ནས་ཕ་མ་དང་མཉམ་འཛོམས་བྱ་རྒྱུ་མ་བྱུང་བས་ང་རང་བློ་ཕམ་བྱུང་། འོན་ཀྱང་སྤྲོ་སེམས་འཁོལ་བའི་འཁྲབ་སྟོན་དེ་མཐོང་དུས་ངའི་བསམ་པར་ཕ་ཡུལ་དུ་ལོག་པའི་ལམ་རྒྱུན་རིང་པོ་ཡིན་པའི་སྣང་བ་མ་བྱུང་། དེ་སྔ་མེ་འཁོར་སྟེང་གི་ལས་དོན་པར་དེ་ལྟ་བུའི་འཇོན་ཐང་ཡོད་པ་བསམ་མྱོང་མེད། ཁྱེད་རྣམ་པས་གྲ་སྒྲིག་ཞིབ་ཚགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད་པ་རེད།

    དགོད་སྒྲའི་ཁྲོད་མེ་འཁོར་སྟེང་གི་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་ཆུ་ཚོད་༢༣ལ་མཇུག་སྒྲིལ་ཡོད། དབྱིངས་ཞུགས་པའི་འགྲུལ་པ་ཚོས་འཁྲབ་སྟོན་པ་དང་དྲན་རྟེན་གྱི་འདྲ་པར་བླངས་པ་དང་། གོ་སྐབས་རག་ཚེ་མེ་འཁོར་ སྟེང་གི་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་ལྟ་རྒྱུ་ཡིན་ཞེས་བསྔགས་བརྗོད་ཆེན་པོས་བཤད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག