མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

དཔྱིད་གསར་དུས་ཆེན་གྱི་གནམ་གང་ཉིན་མོ་ལྕགས་ལམ་ཐོག་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ཆེས་ཆེར་ཉུང་དུ་ཕྱིན་པ།

རྩོམ་པ་པོ། མིག་དམར་རྒྱ་མཚོ  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན་དྲ་ཚིགས།  2014-01-31 23:02

    སྤྱི་ཚེས་༣༠ཉིན་གྱི་ཕྱི་དྲོའི་ཆུ་ཚོད་བཅུ་གཉིས་དང་སྐར་མ་སུམ་ཅུའི་ཐོག་པེ་ཅིན་མེ་འཁོར་འབབ་ཚུགས་ནུབ་མར་ཉིན་གཉིས་གོང་འགྲུལ་བཞུད་ཚང་ཁ་ཤིག་ཤིག་བྱེད་པ་དེ་མཐོང་རྒྱུ་མེད་པར་གྱུར་བ་དང་། མེ་འཁོར་འབབ་ཚིགས་ཀྱི་ཐང་ཆེན་དང་མེ་འཁོར་སྒུག་ཁང་ནང་མི་ཧ་ཅང་གི་ཉུང་དུ་ཕྱིན་ཡོད་པ་རེད།

    སྤྱི་ཟླ་དང་པོའི་ཚེས་༣༠ཉིན་རྒྱལ་ཡོངས་སུ་ལྕགས་ལམ་ཐོག་གནས་སྐབས་འགྲུལ་སྐྱེལ་མེ་འཁོར་༣༠༧སྣོན་གཏོང་བྱས་པ་དང་། སྔོན་དཔག་བྱས་ན་འགྲུལ་པ་མིའི་ཐེངས་གྲངས་ས་ཡ་གསུམ་དང་བདུན་འབུམ་ལྷག་ཙམ་སྐྱེལ་འདྲེན་བྱས་པ་དེ་སྤྱི་ཚེས་༢༩ཉིན་དང་བསྡུར་ན་མིའི་ཐེངས་གྲངས་ས་ཡ་གཉིས་དང་ལྔ་འབུམ་གྱིས་ཉུང་བ་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག