མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སློབ་གསོ་པུའུ་ཡིས་རྒྱལ་ཡོངས་ཀྱི་སློབ་གྲྭར་ཐ་མག་འཐེན་མི་ཆོག་པའི་བཀའ་བཀྲམ་པ།

རྩོམ་པ་པོ། ཚེ་འཛིན་དབང་མོ།  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན་དྲ་ཚིགས།  2014-01-31 23:02

    སྤྱི་ཚེས་༢༩ཉིན། སློབ་གསོ་པུའུ་ཡིས་རྒྱལ་ཡོངས་ཀྱི་རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭར་ཐ་མག་འཐེན་མི་ཆོག་པའི་འབྲེལ་ཡོད་བྱ་དོན་གྱི་བརྡ་ཐོ་བཏང་བ་དང་། བརྡ་ཐོའི་ནང་། སློབ་གྲྭ་འབྲིང་ཆུང་དང་། ལས་རིགས་སློབ་གྲྭ། བུ་བཅོལ་ཁང་བཅས་སུ་བསྐྱོད་ཕྱིན། མི་སུ་འདྲ་ཞིག་དང་། ས་ཆ་གང་རུང་། དུས་ཚོད་གང་རུང་བཅས་ཚང་མར་ཐ་མག་འཐེན་མི་ཆོག་པ་དང་། སློབ་གྲྭའི་རྒྱལ་སྒོའི་འགྲམ་གྱི་མངོན་གསལ་དོད་སར་ཐ་མག་འཐེན་མི་ཆོག་པའི་སློབ་གྲྭ་ཞེས་པའི་ཡིག་བྱང་ངམ་ཐ་མག་འཐེན་མི་ཆོག་པའི་མཚོན་རྟགས་འགོད་དགོས་པ། སློབ་གྲྭའི་ནང་ཐ་མག་འཐེན་ས་བཟོ་མི་ཆོག་ལ། ཐ་མག་འཐེན་བྱེད་ཡོ་བྱད་འཇོག་མི་རུང་བ། རྡོ་ཐ་བཟོ་གྲྭའི་བརྡ་ཁྱབ་བམ་རྡོ་ཐའི་ཚོང་རྟགས་ཐོག་ནས་སློབ་གྲྭ་དང་། སློབ་ཁྲིད་ཐོག་ཁང་ལ་མིང་འདོགས་པ་སོགས་བྱས་མི་ཆོག་པ། སློབ་གྲྭའི་ཚོང་ཁང་ནང་རྡོ་ཐའི་རིགས་བཙོང་མི་ཆོག་པ། སློབ་གྲྭའི་ཕྱིའི་མི་སྣ་སློབ་གྲྭའི་ནང་ཡོང་སྐབས་ཐ་མག་འཐེན་མི་ཆོག་པའི་སྐོར་འགྲེལ་བཤད་དང་ཁ་ཏ་བསླབ་བྱ་བྱེད་པའི་ལས་དོན་ཡག་པོ་བསྒྲུབས་དགོས་པ། མཐོ་རིམ་སློབ་གྲྭ་ཡོངས་ཀྱི་ཁང་པའི་ནང་ཐ་མག་འཐེན་མི་ཆོག་ལ་ཐ་མག་འཐེན་ཁང་བཀོད་སྒྲིག་བྱས་མི་ཆོག་པ། མངོན་གསལ་དོད་སར་ཐ་མག་འཐེན་མི་ཆོག་པའི་མཚོན་རྟགས་དང་སློབ་གྲྭའི་ཐ་མག་བཀག་འགོག་བྱེད་པའི་ལྟ་སྐུལ་ཁ་པར་ཨང་གྲངས་འགོད་དགོས་ཞེས་བཏོན་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག