མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཆི་ལན་རི་བོའི་ཕུག་ལམ་གཉིས་པ་དེ་སྤྱི་ཚེས28ཉིན་ཡོངས་སུ་ཤར་གཏོང་ཐུབ་ཡོད་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-01-29 11:02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིན་མཚན1400ལྷག་ཙམ་རིང་དཀའ་སྤྱད་ཀྱིས་ཨར་བསྐྲུན་བྱས་པ་བརྒྱུད། ཀྲུང་གོ་ལྕགས་ཚོགས་པ20པས་འགན་བླངས་ཏེ་འཛུགས་སྐྲུན་བྱས་པའི་ལན་ཀྲོའུ་ནས་ཤིན་ཅང་བར་གྱི་མྱུར་བགྲོད་ལྕགས་ལམ་ཡོངས་ཀྱི་གཙོ་གནད་ཚོད་འཛིན་རང་བཞིན་གྱི་ལས་གཞི་སྟེ། ཆི་ལན་རི་བོའི་ཕུག་ལམ་གཉིས་པ་དེ་སྤྱི་ཚེས28ཉིན་ཡོངས་སུ་ཤར་གཏོང་ཐུབ་ཡོད་པ་རེད།

ལན་ཀྲོའུ་ནས་ཤིན་ཅང་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཆི་ལན་རི་བོའི་ཕུག་ལམ་གཉིས་པ་ནི་མཚོ་སྔོན་ཞིང་ཆེན་མན་ཡོན་ཉིང་ཞ་ཧུའེ་རིགས་རང་སྐྱོང་རྫོང་གི་རྫོང་གྲོང་ཁྱེར་གནས་སའི་ནུབ་ངོས་ནས་སྤྱི་ལེ949སར་ཡོད་པའི་ཆི་ལན་རི་ཁུལ་དུ་གནས་ཡོད། ཕུག་ལམ་གྱི་སྣེ་མོ་གཉིས་ཁག་སོ་སོར་མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་དང་འབྲེལ་ཡོད་པ་རེད།

ཀན་སུའུ་དང་ཚོ་སྔོན། ཤིན་ཅང་བཅས་ཞིང་ལྗོངས་གསུམ་བརྒལ་བའི་ལན་ཤིན་མྱུར་བགྲོད་ལྕགས་ལམ་ལ་ཁྱོན་རིང་ཚད་སྤྱི་ལེ1776ཟིན་ཞིང་། ཇུས་འགོད་བྱས་པའི་མྱུར་ཚད་ནི་ཆུ་ཚོད་རེར་སྤྱི་ལེ200ཡན་ཡིན་པས་རང་རྒྱལ་གྱི་ས་བབ་མཐོ་བའི་ས་ཁུལ་ལ་བསྐྲུན་པའི་མྱུར་བགྲོད་ལྕགས་ལམ་ཨང་དང་པོ་དེ་ཡིན་ལ། མིག་སྔར་འཛམ་གླིང་ཐོག་གི་ཐེངས་གཅིག་ལ་འཛུགས་སྐྲུན་བྱས་པའི་མྱུར་བགྲོད་ལྕགས་ལམ་རིང་ཤོས་དེ་ཡང་ཡིན། ལྕགས་ལམ་དེ་སྔོན་དཔག་བྱས་ན་སྤྱི་ལོ2014ལོའི་ལོ་མཇུག་ཏུ་ལེགས་གྲུབ་ཟིན་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག