མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་གི་མགོ་ཁྲིད་བློ་མཐུན་གྱིས་བློ་མཐུན་རྒན་པར་འཚམས་འདྲི་ཞུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-29 11:02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལོ་སར་ཐོན་ལ་ཡོད་པའི་སྐབས་སུ། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་རང་ཉིད་དངོས་དང་ཡང་ན་འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བ་མངག་ནས་ཅང་ཙེ་མེན་དང་ཧུའུ་ཅིན་ཐོ་སོགས་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་ཡོངས་དམངས་ཆེན། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་མགོ་ཁྲིད་ཀྱི་གོ་གནས་ལས་མར་བབས་པའི་བློ་མཐུན་རྒན་པར་བརྩེ་བའི་འཚམས་འདྲི་ཞུས་པ་དང་བློ་མཐུན་རྒན་པ་རྣམས་ཀྱི་སྐུ་ཚེ་བརྟན་ཞིང་ལོ་སར་སྐྱིད་པོ་ཞིག་རོལ་བའི་སྨོན་འདུན་ཞུས།

བློ་མཐུན་རྒན་པ་རྣམས་ཀྱིས་ཁོ་ཚོར་བཀའ་དྲིན་ཆེ་ཞུས་པར་མ་ཟད། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་མགོ་ཁྲིད་འོག དཀའ་སྤྱད་འབད་བརྩོན་དང་གསར་གཏོད་བརྩོན་ལེན་བྱེད་དགོས་པ་དང་། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གཏན་ལ་ཕབ་པའི་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་བྱེད་ཐབས་སྣ་ཚོགས་དངོས་འབེབས་བཟང་བོ་བྱེད་དགོས་ལ། བཅོས་སྒྱུར་གྱིས་འཕེལ་རྒྱས་དང་སྒོ་འབྱེད་ལ་སྐུལ་འདེད་བཏང་ནས། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པ་དང་མུ་མཐུད་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་རྒྱལ་ཁ་གསར་བ་ལེན་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་ཀྱི་ཐད་ལ་འབད་འཐབ་བྱེད་དགོས་པའི་རེ་བ་བཏོན།   །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག