མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ནང་སོག་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཆ་སྙོམས་བགོ་འགྲེམས་བྱེད་ཆོག་པའི་ཡོང་འབབ་སྒོར25497ཟིན་པ།

  ཡོང་ཁུངས། བོད་སྐད་རླུང་འཕྲིན་དྲ་བ།  2014-01-29 11:02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནང་སོག་རང་སྐྱོང་ལྗོངས་ཀྱི་བརྟག་དཔྱད་སྤྱི་ཁྱབ་རུ་ཁག་གིས་ངོ་སྤྲོད་བྱས་པར་གཞིགས་ན། སྤྱི་ལོ2013ལོར་ནང་སོག་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཆ་སྙོམས་བགོ་འགྲེམས་བྱེད་ཆོག་པའི་ཡོང་འབབ་སྒོར25497ཟིན་པ་དེ་དུས་མཚུངས་ལས10.14%འཕར་ཡོད་པ་དང་། འཕར་སྣོན་མྱུར་ཚད་རྒྱལ་ཡོངས་ཀྱི་ཨང11ལ་སླེབས་ཡོད་པས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ཀྱི་བརྒྱ་ཆའི་ཆ0.4ཡིས་མཐོ་ཡོད་པ་རེད།

གྲོང་མིའི་གཏོང་ཡོང་ཁྲུའུ་ཡི་འབྲེལ་ཡོད་མི་སྣས་དབྱེ་ཞིབ་བྱས་པར་གཞིགས་ན། གླ་ཕོག་རང་བཞིན་གྱི་ཡོང་སྒོ་ནི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་བགོ་འགྲེམས་བྱེད་ཆོག་པའི་ཡོང་འབབ་ཀྱི་གཞི་རྐང་དེ་ཡིན་ལ། བགོ་འགྲེམས་བྱེད་ཆོག་པའི་ཡོང་འབབ་འཕར་སྣོན་འགྲོ་བའི་སྒུལ་ཤུགས་གཙོ་བོ་ཡང་ཡིན་པ་རེད།

ན་ནིང་ནང་སོག་གི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་ཆ་སྙོམས་གླ་ཕོག་རང་བཞིན་གྱི་ཡོང་འབབ10.1%འཕར་ཡོད་ཅིང་། སྲིད་ཇུས་རང་བཞིན་གྱི་རྒྱུ་རྐྱེན་ནི་གླ་ཕོག་རང་བཞིན་གྱི་ཡོང་འབབ་འཕར་སྣོན་ཡོང་ཐུབ་པའི་འགན་སྲུང་གལ་ཆེན་ཞིག་ཡིན་པ་རེད། སྤྱི་ལོ2012ལོ་ནས་བཟུང་ནང་སོག་གིས་མ་རྩ་སྣོན་གཏོང་གི་བྱ་ཐབས་མང་པོ་བཟུང་ཞིང་། མོང་དང་གྲོང་ཁྱེར་ཁག་ཅིག་གིས་སྲིད་འཛིན་བྱ་གཞག་ཚན་པའི་དུས་མཚམས་གསུམ་པའི་ཁ་གསབ་སྣོན་གཏོང་གི་རོགས་དངུལ་སྲིད་ཇུས་བཏོན་ཡོ་པ་དང་། ཁེ་ལས་དང་བྱ་གཞག་ཚན་པ་མང་ཆེ་བའི་ལས་བཟོ་པའི་གླ་ཕོག་རང་བཞིན་གྱི་ཡོང་འབབ་བརྟན་པོའི་ངང་འཕར་སྣོན་བྱུང་ཡོད། སྤྱི་ཚོགས་འགན་སྲུང་ལམ་ལུགས་ཟམ་མི་ཆད་པར་འཐུས་སྒོ་ཇེ་ཚང་དུ་འགྲོབ་བ་དང་བསྟུན་ནས་ནང་སོག་ས་གནས་ཁག་གི་རྒན་གསོའི་དངུལ་གྱི་ཚད་གཞི་དང་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི། མ་མཐའི་འཚོ་བ་འགན་སྲུང་དང་ཡོང་འབབ་དམའ་བའི་མི་ཚོགས་ཀྱི་ཟོག་གོང་ཁ་གསབ་ཚད་གཞི་ཡང་ལོ་རེ་བཞིན་མཐོ་རུ་བཏང་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག