མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

སྤྱི་ཁྱབ་ཆབ་སྲིད་པུས་དམག་ཡོངས་དང་དྲག་ཆས་ཉེན་རྟོག་དཔུང་སྡེས་ཁག་གཉིས་པའི་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་ཞེས་པ་འགྲེམ་སྤེལ་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-01-29 11:02

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆོག་མཆན་གནང་བ་བརྒྱུད། ཉེ་ཆར། བཅིངས་འགྲོལ་དམག་སྤྱི་ཁྱབ་ཆབ་སྲིད་པུས་དམག་ཡོངས་དང་དྲག་ཆས་ཉེན་རྟོག་དཔུང་སྡེས་ཁག་གཉིས་པའི་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་ཞེས་པ་འགྲེམ་སྤེལ་བྱས་ནས། དམག་ཡོངས་དང་དྲག་ཆས་ཉེན་རྟོག་དཔུང་སྡེས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་དོན་འཁྱོལ་ནན་པོ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

བསམ་འཆར་ཞེས་པའི་ནང་། ཁག་གཉིས་པའི་སློབ་གསོ་ལག་ལེན་བྱེད་སྒོ་དེ་སྤྱི་ལོ2014ལོའི་ཟླ1པོ་ནས་འགོ་ཚུགས་ཏེ་སྤེལ་རྒྱུ་དང་། ཧྲི་ཤོག་མན་གྱི་ཚན་པའི་ཏང་ཨུད་ལས་ཁུངས་དང་གཞི་རིམ་ཏང་རྩ་འཛུགས་སུ་སྤེལ་རྒྱུ་ཡིན་ཞིང་། སྤྱིའི་ཆ་ནས་དུས་ཡུན་ཟླ་བ་བརྒྱད་བཀོད་སྒྲིག་བྱས་ཏེ་སྤྱི་ལོ་2014ལོའི་ཟླ9པར་གཞི་རྩའི་ཆ་ནས་མཇུག་སྒྲིལ་བ་བྱ་རྒྱུ་རེད་ཅེས་བསྟན་ཡོད་པ་རེད།

བསམ་འཆར་ཞེས་པའི་ནང་། ཁག་གཉིས་པའི་བྱེད་སྒོ་སྤེལ་བར་ཁག་དང་པོའི་བྱེད་སྒོའི་གྲུབ་འབྲས་དང་ཉམས་མྱོང་དཔྱད་གཞིར་འཛིན་པ་དང་བཀོལ་སྤྱོད་གང་ལེགས་བྱེད་དགོས་པ་དང་། སློབ་གསོ་དང་ལག་ལེན་གཉིས་ཀར་དམ་འཛིན་བྱེད་པ། དྲང་ཕྱོགས་སློབ་གསོས་གཙོ་བོ་བྱ་རྒྱུ་རྒྱུན་འཁྱོངས། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱ་རྒྱུ་རྒྱུན་འཁྱོངས། ནུས་འབྲས་དངོས་ཐོན་པ་བྱ་རྒྱུ་རྒྱུན་འཁྱོངས་བཅས་བྱས་ཏེ། སློབ་གསོ་ལག་ལེན་བྱེད་སྒོ་མིང་ཙམ་མ་ཡིན་པ་དང་། ཕྱོགས་ལྷུང་མེད་པ། རྣམ་པ་ཙམ་མ་ཡིན་པ་ཞིག་སྤེལ་ཐུབ་པའི་འགན་སྲུང་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

བསམ་འཆར་ཞེས་པའི་ནང་། ཁག་གཉིས་པའི་བྱེད་སྒོའི་ལས་འགན་གཙོ་བོ་ནི་སྤྱོད་ཚུལ་ངན་པ་བཞིར་ངོ་རྒོལ་བྱ་རྒྱུའི་གཙོ་གནད་འདིར་དམ་འཛིན་བྱ་རྒྱུ་དང་། དམག་སྟོབས་ཆེར་གཏོང་བའི་དམིགས་འབེན་དམ་འཛིན་བྱ་རྒྱུ། དཔོན་དམག་གིས་དོ་ཁུར་བྱེད་སར་ལན་བྱ་རྒྱུ། ཧུར་བརྩོན་ཆེན་པོས་སྤྱོད་ཚུལ་ངན་པ་བཞིའི་ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུ། གཙོ་གནད་ཐོག་དམག་མིའི་ཉེ་འགྲམ་དུ་ཐོན་པའི་སྤྱོད་ཚུལ་ངན་པ་ཐག་གཅོད་བྱ་རྒྱུ། གཞི་རིམ་ལ་ཞབས་ཞུ་དང་དཔོན་དམག་ལ་ཞབས་ཞུ་སྒྲུབ་རྒྱུ་དམིགས་སར་འབྱོར་མི་ཐུབ་པའི་གནད་དོན་ཐག་གཅོད་བྱ་རྒྱུ་བཅས་ཡིན་པ་ཁ་གསལ་བཏོན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག