མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་ནང་སོག་དམག་ཁུལ་གྱི་མཐའ་སྲུང་དམག་དཔུང་ག་གེ་མོ་ཞིག་ལ་ཕེབས་ནས་ལས་གནས་བརྟན་སྲུང་བྱེད་པའི་དཔོན་དམག་རྣམས་ལ་འཚམས་འདྲི་ཞུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-29 11:01

习近平春节前夕冒严寒踏冰雪慰问边防官兵1.jpg

   ཚེས26ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་ཆེད་དུ་ནང་སོག་དམག་ཁུལ་གྱི་མཐའ་སྲུང་དམག་དཔུང་ག་གེ་མོ་ཞིག་ལ་ཕེབས་ཏེ་ལས་གནས་བརྟན་སྲུང་བྱེད་པའི་བཀོད་འཐབ་པ་ཡོངས་ལ་བརྩེ་བའི་འཚམས་འདྲི་མཛད།2.jpg

  ཚེས26ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་ཆེད་དུ་ནང་སོག་དམག་ཁུལ་གྱི་མཐའ་སྲུང་དམག་དཔུང་ག་གེ་མོ་ཞིག་ལ་ཕེབས་ཏེ་ལས་གནས་བརྟན་སྲུང་བྱེད་པའི་བཀོད་འཐབ་པ་ཡོངས་ལ་བརྩེ་བའི་འཚམས་འདྲི་མཛད།

3.jpg

  ཚེས26ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་ཆེད་དུ་ནང་སོག་དམག་ཁུལ་གྱི་མཐའ་སྲུང་དམག་དཔུང་ག་གེ་མོ་ཞིག་ལ་ཕེབས་ཏེ་ལས་གནས་བརྟན་སྲུང་བྱེད་པའི་བཀོད་འཐབ་པ་ཡོངས་ལ་བརྩེ་བའི་འཚམས་འདྲི་མཛད།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་ཚེས26ཉིན་ཆེད་དུ་ནང་སོག་དམག་ཁུལ་གྱི་མཐའ་སྲུང་དམག་དཔུང་ག་གེ་མོ་ཞིག་ལ་ཕེབས་ཏེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་བཅས་ཀྱི་ཚབ་མཛད་ནས་མེས་རྒྱལ་ཀྱི་མཐའ་མཚམས་སུ་ལས་གནས་བརྟན་སྲུང་བྱེད་པའི་བཀོད་འཐབ་པ་ཡོངས་ལ་བརྩེ་བའི་འཚམས་འདྲི་མཛད་པ་དང་། བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔོན་དམག དམངས་དམག་དམག་གྲབས་མི་སྣ་བཅས་ལ་ལོ་སར་གྱི་བཀྲ་ཤིས་བདེ་ལེགས་ཞུས།

   ཚེས26ཉིན་གྱི་ཞོགས་པར་ཞི་ཅིན་ཕེན་པེ་ཅིན་ནས་གནམ་གྲུར་བཞུགས་ནས་སྤྱི་ལེ་སྟོང་གཅིག་ལྷག་ཡོད་པའི་ནང་སོག་རང་སྐྱོང་ལྗོངས་ཀྱི་ཨ་ཨར་ཧྲན་གྲོང་ཁྱེར་དུ་ཕེབས། ཉིན་དེའི་སྔ་དྲོའི་དུས་ཚོད་བཅུའི་སྟེང་ཞི་ཅིན་ཕེན་གནམ་གྲུ་ལས་བབས་མ་ཐག་ཏུ་དགུན་ཁའི་གྲང་ངར་ལ་མ་འཛེམ་པར་ཨ་ཨར་ཧྲན་རི་བོའི་ཉག་ཁའི་སོ་ལྟ་ཁང་ལ་ཕེབས་ནས་དེ་ན་ལས་རེས་བྱེད་བཞིན་པའི་དཔོན་དམག་རྣམས་ལ་འཚམས་འདྲི་ཞུས། དཔོན་དམག་རྣམས་ལ་འཚམས་འདྲི་མཛད་རྗེས་ཞི་ཅིན་ཕེན་རླངས་འཁོར་ལ་བཞུགས་ནས་སན་ཅོ་ཧྲན་རི་བོའི་སོ་ལྟ་ཁང་ལ་ཕེབས་ནས་ལས་རེས་སྒྲིག་ཆས་སོགས་ལ་ཞིབ་གཟིགས་གནང་། ཁོང་གིས་ལས་རེས་བྱེད་པའི་དཔོན་དམག་རྣམས་ལ་དེ་རིང་ང་དང་ཁྱེད་ཚོས་མཉམ་དུ་ལས་རེས་བྱེད་ཅེས་བཤད་པ་དང་། སོ་ལྟ་ཁང་དེ་བསྟུད་མར་ལོ་འགའ་ལ་སྔོན་ཐོན་ལས་ཁུངས་སུ་བདམས་པ་དང་ལོ་རྒྱུན་ཏུ་ལས་འགན་ཡོངས་འགྲུབ་བྱས་པ་ཤེས་རྗེས་ཞི་ཅིན་ཕེན་གྱིས་ཁོ་ཚོར་རང་རང་གི་འགན་འཁྲི་དང་ལེན་བྱེད་པ་དང་ཡང་འབད་བསྐྱར་འབད་བྱས་ནས་མེས་རྒྱལ་གྱི་མཐའ་མཚམས་སྲུང་སྐྱོབ་བཟང་བོ་བྱེད་དགོས་པའི་སྐུལ་མ་བཏང་།

  ཞི་ཅིན་ཕེན་གྱིས་སན་ཅོ་ཧྲན་རི་བོའི་སོ་ལྟ་ཁང་གི་དཔོན་དམག་རྣམས་ལ་འཚམས་འདྲི་མཛད་རྗེས་བརྒྱ་ཤོག་བཅའ་སྡོད་བྱེད་སར་ཕེབས་ཏེ་དཔོན་དམག་རྣམས་ཀྱི་ཉལ་ཁང་དང་བརྒྱ་ཤོག་གི་སློབ་ཁང་དང་བྱ་འགུལ་ཁང་སོགས་ལ་གཟིགས་ཞིབ་གནང་བར་མ་ཟད་བརྒྱ་ཤོག་གི་དཔོན་དམག་ཚང་མ་དང་མཉམ་དུ་པར་བླངས་ནས་དྲན་རྟེན་དུ་བཞག ཞི་ཅིན་ཕེན་གྱིས་ཚང་མས་འཐབ་འཛིང་གི་ལས་གནས་བརྟན་སྲུང་བྱས་ནས་གཟི་བརྗིད་ལྡན་པའི་འགན་འཁྲི་ལག་བསྟར་ནན་མོ་བྱེད་དགོས་པ་དང་། རིམ་པ་སོ་སོས་ཐབས་བརྒྱ་ཇུས་སྟོང་སྒོས་དཔོན་དམག་རྣམས་ཀྱི་དཀའ་ཁག་སྣ་ཚོགས་སེལ་རོགས་བྱེད་པ་དང་འགན་འཁྲི་ལག་བསྟར་བྱེད་པར་ཆ་རྐྱེན་བཟང་བོ་བསྐྲུན་དགོས་པའི་ཐུགས་རེ་བཏོན།

   བརྒྱ་ཤོག་དང་ཁ་གྱེས་སྐབས། ཞི་ཅིན་ཕེན་གྱིས་བརྒྱ་ཤོག་གི་དཔོན་དམག་རེ་རེ་ལ་ཕྱག་འཇུ་གནང་བར་མ་ཟད། བརྒྱ་ཤོག་གི་ལས་བྱེད་པར་ལོ་སར་སྐབས་ཀྱི་འཚོ་བ་བཀོད་སྒྲིག་བཟང་བོ་བྱས་ནས་འཐབ་མོ་བ་རྣམས་ལ་སྤྲོ་སྐྱིད་འཆམ་མཐུན་གྱི་ལོ་སྐྱིད་པོ་ཞིག་རོལ་དུ་འཇུག་དགོས་པའི་ཐུགས་རེ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག