མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་ལྕགས་ལམ་སྤྱི་བདེ་ལས་ཁུངས་ཀྱིས་བདེ་འཇགས་དང་ཉེན་ཁའི་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་འགྲུལ་པ་བདེ་འཇགས་སྒོ་ནས་འགྲུལ་བཞུད་བྱེད་རྒྱུར་འགན་ལེན་བྱེད་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-01-29 11:01

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་སྤྱི་ཚེས27ཉིན་ལྕགས་ལམ་སྤྱི་བདེ་ཅུད་ནས་ཤེས་རྟོགས་བྱས་པར། དཔྱིད་གསར་དུས་ཆེན་གྱི་སྐྱེལ་འདྲེན་འགོ་ཚུགས་པ་ནས་བཟུང་རྒྱལ་ཡོངས་ལྕགས་ལམ་སྤྱི་བདེ་ལས་ཁུངས་ཀྱིས་བྱ་ཐབས་མང་པོ་བཟུང་ནས་བདེ་འཇགས་དང་ཉེན་ཁའི་བརྟག་དཔྱད་ལ་ཤུགས་སྣོན་རྒྱབ་པ་དང་། བསྡོམས་པས་འབར་སླ་བ་དང་འབར་གས་བྱེད་སླ་བའི་ཉེན་ཁའི་དངོས་པོ29984ཞིབ་བཤེར་ཐུབ་ཡོད་པ་རེད། དེའི་ནང་ཤོག་སྦག7161900དང་། རྫས་འགྱུར་ཐོན་རྫས་སྟོང་ཁེ13028ལྷག ས་སྣུམ་ཧྲེང26ལྷག འདྲ་བཟོ་བྱས་པའི་མེ་མདའ389། གྲིའི་རིགས12326སོགས་ཉེན་ཁ་ཡོད་པའི་དངོས་པོ་ཁག་ཅིག་གཞུང་གཞེས་བཏང་ནས་འགྲུལ་པའི་འགྲོ་སྐྱོད་བདེ་འཇགས་ལ་འགན་ལེན་ཐུབ་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ས་གནས་ཁག་གི་ལྕགས་ལམ་སྤྱི་བདེ་ལས་ཁུངས་ཀྱིས་འགྲུལ་པ་མང་ཤོས་དུས་སུ་བདེ་འཇགས་ཞིབ་བཤེར་ཡོ་ཆས་གསར་སྣོན་དང་། མེ་འཁོར་སྒུག་ཁུལ་གྱི་མཛུབ་སྟོན་བཀོད་སྒྲིག དུས་ཚོད་དབྱེ་ནས་འགྲུལ་བཞུད་བྱེད་པ་སོགས་བྱ་ཐབས་བརྒྱུད་བདེ་འཇགས་ཞིབ་བཤེར་སྤུད་ཚད་འགན་ལེན་བྱས་ཡོད། མ་ཟད་མེ་འཁོར་བབ་ཚུགས་ཀྱི་ཅ་དངོས་ཆུང་རིགས་བཅོལ་ས་དང་ཀྲུང་གོའི་ལྕགས་ལམ་མྱུར་སྐྱེལ་གྱིས་གཏན་འབེབས་ལྟར་དངོས་ཟོག་ལ་ཞིབ་བཤེར་བྱས་སྟེ། དངོས་ཟོག་རྐང་ཅིག་ཀྱང་ཞིབ་བཤེར་མེད་པར་མ་ཤོར་བ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། རིམ་ཁག་ལྕགས་ལམ་སྤྱི་བདེ་ལས་ཁུངས་ཀྱིས་ད་དུང་ལྟ་ཞིབ་དང་བདེ་འཇགས་བཅོས་སྐྱོང་སོགས་ཚན་པ་སྒྲིག་འཛུགས་བྱས་ནས་མངོན་གསལ་དུ་རྟོག་ཞིབ་དང་ལྐོག་ལ་རྩད་གཅོད་བྱེད་པ་དང་། འབབ་ཚིགས་ཀྱི་བདེ་འཇགས་ཞིབ་བཤེར་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་བ་མ་ཟད་མེ་འཁོར་སྒུག་ཁང་དང་མེ་འཁོར་ཐོག་ནས་ཤེས་རྟོགས་བྱུང་བའི་ཉེན་ཁ་ཡོད་པའི་དངོས་པོར་ལྡོག་བཤེར་སྒྲིག་གཞི་ལག་བསྟར་བྱས་ནས་འགན་ཁྲི་རྩད་གཅོད་ནན་པོ་བྱས་སྟེ་ཚད་གཞི་མཐོ་ཤོས་ཐོག་ནས་འགྲུལ་པ་དཔྱིད་གསར་དུས་ཆེན་སྐྱེལ་འདྲེན་རིང་བདེ་འཇགས་སྒོ་ནས་འགྲུལ་བཞུད་བྱེད་པར་འགན་ལེན་བྱེད་ཀྱི་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག