མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་ཀྱི་དམིགས་བསལ་སློབ་གསོ་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་པེ་ཅིན་ནས་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-28 10:37

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་ཀྱི་དམིགས་བསལ་སློབ་གསོ་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཚེས27ཉིན་པེ་ཅིན་ནས་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མཛུབ་སྟོན་གལ་ཆེན་གནང་། མཛུབ་སྟོན་ལས་བསྟན་དོན། དམིགས་བསལ་སློབ་གསོའི་བྱ་བ་བཟང་བོར་སྒྲུབ་པ་དེ་དབང་བོ་སྐྱོན་ཅན་འདྲ་མཉམ་གྱིས་སྤྱི་ཚོགས་ཁྲོད་ཞུགས་པའི་ཁེ་དབང་ལ་འགན་སྲུང་དང་དབང་བོ་སྐྱོན་ཅན་གྱི་ཁྱིམ་ཚང་ལ་བདེ་སྐྱིད་དང་སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་བདེན་ལ་སྐུལ་འདེད་གཏོང་བར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་པར་མ་ཟད། དེ་ནི་སློབ་གསོ་དེང་རབས་ཅན་གྱི་ནང་དོན་གལ་ཆེན་ཞིག་ཀྱང་ཡིན། རིམ་པ་སོ་སོའི་སྲིད་གཞུང་གིས་མཐོང་ཆེན་ཚད་མཐོན་པོ་བྱེད་པ་དང་བརྩེ་བ་ཟབ་མོ་བཅངས་ཏེ། འགན་འཁྲི་ལག་བསྟར་དང་དམིགས་བསལ་གྱི་སློབ་གསོ་དམིགས་བསལ་གྱིས་སྒྲུབ་པ། ནན་ཏན་གྱི་སྒོ་ནས་དམིགས་བསལ་སློབ་གསོའི་མཐོར་འདེགས་འཆར་གཞི་ལག་བསྟར་བཟང་བོ་བྱས་ནས། དབང་བོ་སྐྱོན་ཅན་གྱི་བྱིས་པ་ཚང་མར་མི་གཞན་དང་འདྲ་བར་ཐུན་མོང་གི་སློབ་གསོ་ཆེས་བཟང་པོ་མྱོང་དུ་འཇུག་དགོས་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག