མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཀའོ་ལིས་ཀྱིས་རྒྱལ་ཁབ་རྒྱ་མཚོ་ལས་དོན་ཅུའུ་དང་གླིང་སྣེ་རྒྱ་མཚོའི་ཚན་རྩལ་བྱ་བ་སྒྲུབ་མཁན་དང་མཉམ་དུ་བཞུགས་མོལ་མཛད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-27 11:24

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཚེས26ཉིན་རྒྱལ་ཁབ་རྒྱ་མཚོ་ལས་དོན་ཅུའུ་དང་གླིང་སྣེ་རྒྱ་མཚོའི་ཚན་རྩལ་བྱ་བ་སྒྲུབ་མཁན་དང་མཉམ་དུ་བཞུགས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཚེས26ཉིན་རྒྱལ་ཁབ་རྒྱ་མཚོ་ལས་དོན་ཅུའུ་དང་གླིང་སྣེ་རྒྱ་མཚོའི་ཚན་རྩལ་བྱ་བ་སྒྲུབ་མཁན་དང་མཉམ་དུ་བཞུགས་མོལ་མཛད་སྐབས་གསུངས་རྒྱུར། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱ་མཚོ་ལས་དོན་འཛུགས་སྐྲུན་བྱས་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བའི་ཐབས་ཇུས་བཀོད་སྒྲིག་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་དང་དེ་ལག་ལེན་དང་དངོས་འབེབས་བྱེད་པ་དང་ཤུགས་ཆེན་པོས་ཀྲུང་གོའི་རྒྱ་མཚོའི་གཏིང་དུ་འཚོལ་ཞིབ་བྱེད་པའི་སྙིང་སྟོབས་དང་ལྷོ་སྣེ་སྙིང་སྟོབས་དར་སྤེལ་བྱེད་དགོས་ལ། སྤོབས་པ་ཆེན་པོས་བཅོས་སྒྱུར་གསར་སྐྲུན་བྱེད་པ་དང་ཧུར་ཐག་སྒོས་གླིང་སྣེ་རྒྱ་མཚོའི་བྱ་བ་དེ་ཆུ་ཚད་གསར་བ་ཞིག་ཏུ་མཐོར་འདེགས་བཏང་ནས། རྒྱ་མཚོའི་ལས་དོན་འཛུགས་སྐྲུན་བྱས་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།

ཀྲང་ཀའོ་ལིས་ཀྱིས་ཚན་ཞིབ་རུ་མི་ཡིས་མེས་རྒྱལ་དང་མི་དམངས་ཀྱི་མངག་བཅོལ་དང་དུ་བླངས་ཏེ། དཀའ་ཁག་སྣ་ཚོགས་ཁྱད་དུ་བསལ་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོང་གིས་ཚན་ཞིབ་རུ་མིའི་བྱ་བ་དང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་། ཚང་མས་ཡང་འབད་བསྐྱར་འབད་བྱས་ནས་ལུས་ཕུང་བདེ་ཐང་ལ་འགན་སྲུང་བྱེད་པ་དང་གྲུ་གཟིངས་དང་སྒྲིག་ཆས་ཀྱི་བདེ་འཇགས་ལ་འགན་སྲུང་བྱས་ནས་ཚན་ཞིབ་ལས་འགན་བདེ་བླག་ངང་ཡོངས་འགྲུབ་བྱེད་དགོས་པའི་སྐུལ་མ་བཏང་།

ཀྲང་ཀའོ་ལིས་ཀྱིས་འགན་འཁྲིའི་བསམ་པ་དང་འགན་འཁུར་བསམ་པ་སྔར་ལས་ཇེ་དྲག་ཏུ་བཏང་ནས། གླིང་སྣེ་རྒྱ་མཚོའི་བྱ་བའི་ཐད་ནས་གྲུབ་འབྲས་གསར་བ་ལེན་པ་དང་བརྒལ་གཏོར་གསར་བ་འབྱུང་བར་སྐུལ་འདེད་གཏོང་དགོས། གླིང་སྣེ་རྒྱ་མཚོའི་བྱ་བའི་འཕེལ་རྒྱས་ཀྱི་སྤྱིའི་ཐབས་ཇུས་ལ་ནན་ཏན་སྒོས་ཞིབ་འཇུག་བྱས་ནས་དུས་ཡུན་རིང་འབྲིང་གི་འཆར་འགོད་གཏན་འཁེལ་བཟང་བོ་བྱེད་དགོས་པ་དང་། རྒྱལ་སྤྱིའི་བརྗེ་རེས་དང་མཉམ་ལས་ལ་ཤུགས་བསྣན་ནས་ཁྱད་སྟོབས་ཁ་གསབ་དང་ཐོན་ཁུངས་མཉམ་སྤྱོད། གཉིས་ཕན་མཉམ་རྒྱལ་བཅས་མངོན་འགྱུར་བྱེད་དགོས། རྒྱལ་ཁབ་འབྲེལ་ཡོད་ལས་ཁུངས་ཀྱིས་གླིང་སྣེ་རྒྱ་མཚོའི་བྱ་བའི་མཛུབ་སྟོན་དང་དོ་དམ། ཞབས་ཕྱི་བཅས་ལ་ཤུགས་བསྣན་ནས། རང་རྒྱལ་གྱི་གླིང་སྣེ་རྒྱ་མཚོའི་ཚན་ཞིབ་བྱ་བར་སྟོབས་དང་ལྡན་པའི་འགན་སྲུང་འདོན་སྤྲོད་བྱེད་དགོས་པའི་ཐུགས་རེ་བཏོན།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག