མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས«སྒྲིག་ལུགས་གསར་སྐྲུན་བྱས་ཏེ་ཞིང་སྡེའི་དབུལ་སྐྱོར་གསར་སྤེལ་བྱ་བ་གཟབ་ནན་སྒོས་སྤེལ་བའི་སྐོར་གྱི་བསམ་འཆར»དཔར་ནས་བཀྲམས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-26 10:57

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་སྔོན། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས«སྒྲིག་ལུགས་གསར་སྐྲུན་བྱས་ཏེ་ཞིང་སྡེའི་དབུལ་སྐྱོར་གསར་སྤེལ་བྱ་བ་གཟབ་ནན་སྒོས་སྤེལ་བའི་སྐོར་གྱི་བསམ་འཆར»དཔར་ནས་བཀྲམས་པ་མ་ཟད། བརྡ་ཐོ་བཏང་ནས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་དོན་དངོས་དང་སྦྲེལ་ནས་དེ་ལག་བསྟར་ནན་མོ་བྱེད་དགོས་པའི་རེ་བ་བཏོན།

བརྡ་ཐོའི་ནང་དུ་འདི་ལྟར་བསྟན་ཡོད། དབུལ་ཕོངས་སེལ་ནས་དམངས་འཚོ་ལེགས་བཅོས་དང་ཐུན་མོང་གི་འབྱོར་ཕྱུག་མངོན་འགྱུར་བྱེད་པ་ནི། སྤྱི་ཚོགས་རིང་ལུགས་ཀྱི་རེ་བ་ནན་མོ་ཡིན། བཅོས་སྒྱུར་སྒོ་འབྱེད་ཀྱི་ཚུན་ལ། རང་རྒྱལ་གྱི་དབུལ་སྐྱོར་གསར་སྤེལ་བྱ་བར་ཀུན་གྱིས་ཡིད་སྨོན་བྱེད་པའི་གྲུབ་འབྲས་ཐོབ་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་དབུལ་སྐྱོར་གསར་སྤེལ་བགྲོད་ལམ་ཞིག་ཏུ་བསྐྱོད། ཡིན་ནའང་དབུལ་ཕོངས་ས་ཁུལ་གྱི་འཕེལ་ཚད་དལ་བའི་གནད་དོན་རྩ་བ་ནས་འགྱུར་མེད་པ་དང་། དབུལ་ཕོངས་མི་གྲངས་ཀྱི་ཐོན་སྐྱེད་འཚོ་བར་སྔར་བཞིན་དཀའ་ངལ་ཆེ་ལ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པའི་ཆེས་དཀའ་ཚེགས་ཆེ་བ་དང་ཆེས་ལྗིད་པའི་ལས་འགན་ཞིང་སྡེ་དང་ལྷག་པར་དུ་དབུལ་ཕོངས་ས་ཁུལ་ན་ཡོད། «2011ལོ་ནས་2020ལོའི་ཀྲུང་གོའི་ཞིང་སྡེའི་དབུལ་སྐྱོར་གསར་སྤེལ་རྩ་གནད»ལས་བཏོན་པའི་འབད་འཐབ་ཀྱི་དམིགས་འབེན་མངོན་འགྱུར་བྱེད་ན། ངེས་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་སོགས་ཀྲུང་དབྱང་མགོ་ཁྲིད་བློ་མཐུན་གྱི་དབུལ་སྐྱོར་གསར་སྤེལ་བྱ་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། འགན་འཁྲིའི་འདུ་ཤེས་དང་དགོས་གཏུག་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། དབུལ་སྐྱོར་གསར་སྤེལ་བྱ་བ་དེ་སྔར་ལས་གལ་ཆེ་ཞིང་སྔར་ལས་འབུར་དུ་ཐོན་པའི་གོ་གནས་སུ་འཇོག་པ། བཅོས་སྒྱུར་གསར་སྐྲུན་དེ་སྒུལ་ཤུགས་སུ་བརྩིས་ཏེ་སྒྲིག་སྲོལ་དང་སྒྲིག་ལུགས་ཀྱི་བར་ཆད་ཧུར་ཐག་གིས་སེལ་བ། ནང་མཁོའི་སྒུལ་ཤུགས་དང་འཕེལ་རྒྱས་གསོན་ཤུགས་ཇེ་ཆེར་གཏོང་བ། རྒྱབ་སྐྱོར་གྱི་ཤུགས་ཚད་ཇེ་ཆེར་གཏོང་བ། སྟོབས་ཤུགས་གཅིག་བསྡུས་ཀྱིས་འབུར་ཐོན་གནད་དོན་ཐག་གཅོད་པ་བཅས་བྱས་ཏེ། དབུལ་ཕོངས་མང་ཚོགས་མྱུར་དུ་དབུལ་ཐར་ཕྱུག་སྒྱུར་བྱེད་པ་དང་དབུལ་ཕོངས་ས་ཁུལ་གྱིས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པའི་གོམ་སྟབས་སྔར་ལས་ཇེ་མགྱོགས་སུ་གཏོང་དགོས་ཏེ། གཅིག བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ནས་དབུལ་སྐྱོར་གསར་སྤེལ་གྱི་བྱ་བའི་སྒྲིག་ལུགས་གསར་སྐྲུན་བྱེད་དགོས། གཉིས། ཕན་འབྲས་ལ་གཙིགས་འཛིན་བྱས་ཏེ་འབུར་ཐོན་གནད་དོན་གཟབ་ནན་གྱིས་ཐག་གཅོད་དགོས། གསུམ། མགོ་ཁྲིད་ལ་ཤུགས་བསྣན་ཏེ་བྱེད་ཐབས་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱེད་དགོས་ཟེར།

བསམ་འཆར་འདིས་སྣེ་ཁྲིད་ལས་ཁུངས་དང་ཞིང་ཆེན་སོ་སོས་ལག་བསྟར་བྱེད་ཐབས་ཞིབ་ཅིང་ཕྲ་བ་གཏན་འབེབ་བྱས་ཏེ་རྩ་འཛུགས་དང་ལག་བསྟར་ནན་མོ་བྱས་ནས། བྱ་བ་སྣ་ཚོགས་དངོས་འབེབ་བྱེད་དགོས་པར་མ་ཟད། ལོ་རེའི་ཟླ་བཅུ་བའི་ཟླ་མཇུག་གི་སྔོན་ལ་ལག་བསྟར་གྱི་གནས་ཚུལ་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་མགོ་ཁྲིད་ཚན་ཆུང་ལ་སྐྱེལ་དགོས་པ་དང་། སྤྱི་བསྡོམས་བྱས་རྗེས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡར་ཞུ་བྱེད་དགོས་པ་གཏན་ལ་ཕབ་ཡོད།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག