མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-25 11:33

111.jpg

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས23ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས་པ།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས23ཉིན་མགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས། གྲོས་ཚོགས་ནས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པར་སྤྲད་དེ་གྲོས་ཞིབ་བྱེད་རྩིས་ཡོད་པའི་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་བསྡུར་བྱས་པ་དང་། «སྲིད་གཞུང་བྱ་བའི་སྙན་ཞུའི་བསམ་འཆར་བསྡུ་ལེན་མ་ཡིག»ཞིང་ཆེན་དང་ས་ཁུལ། གྲོང་ཁྱེར་དང་ཀྲུང་དབྱང་འབྲེལ་ཡོད་ལས་ཁུངས་ལ་སྐྱེལ་ནས་བསམ་འཆར་བསྡུ་ལེན་བྱེད་རྒྱུ་ཐག་བཅད།

    ལིས་ཁི་ཆང་གིས་ནན་གྱིས་བསྟན་དོན། ཉིས་སྟོང་བཅུ་བཞི་ལོར་ང་ཚོར་ཐུག་པའི་གནས་བབ་ཧ་ཅང་ཛ་དྲག་ཡིན་ལ། ལས་འགན་ཧ་ཅང་ལྗིད། བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་དང་། བཅོས་སྒྱུར་གསར་སྐྲུན་བྱ་བ་རྒྱུན་འཁྱོངས་བྱས་ནས། དཔལ་འབྱོར་སྤྱི་ཚོགས་རྒྱུན་སྲིང་དང་སྐྱོན་བྲལ་བའི་ངང་འཕེལ་རྒྱས་སུ་གཏོང་དགོས་ན། དེང་སྐབས་ས་ཁུལ་དང་། སྡེ་ཁག་སོ་སོས་ཤུགས་ཆེན་པོས་དུས་ཚིགས་དང་པོའི་བྱ་བ་གལ་ཆེན་བཟང་བོར་སྒྲུབ་སྟེ། ལོ་ཧྲིལ་བོར་མགོ་བཟང་བོ་ཞིག་རྩོམ་དགོས། གཅིག་ནས་དཔལ་འབྱོར་གནས་བབ་ལ་དབྱེ་ཞིབ་བཟང་བོ་བྱེད་དགོས། གཉིས་ནས་དགུན་དཔྱིད་ཀྱི་ཞིང་ལས་ཐོན་སྐྱེད་བྱ་བ་དམ་འཛིན་བྱེད་དགོས། གསུམ་ནས་དཔལ་འབྱོར་འཁོར་སྤྱོད་བྱ་བ་དམ་འཛིན་བྱེད་དགོས། བཞི་ནས་དམངས་འཚོ་འགན་སྲུང་བྱ་བ་དམ་འཛིན་བྱེད་དགོས། ལྔ་ནས་བདེ་འཇགས་ཐོན་སྐྱེད་དོ་དམ་ཇེ་དྲག་ཏུ་བཏང་ནས། མི་དམངས་མང་ཚོགས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་དགོས་ཟེར།

    ལིས་ཁི་ཆང་གིས་དུས་ཆེན་སྐབས་སུ་རིམ་པ་སོ་སོའི་སྲིད་གཞུང་དང་སྡེ་ཁག ལས་བྱེད་མི་སྣས་ཀྲུང་དབྱང་གི་ཆོད་དོན་བརྒྱད་ཀྱི་གཏན་ཁེལ་ལག་བསྟར་ནན་མོ་བྱས་ནས། གྲོན་ཆུང་བྱེད་དགོས་པ་དང་ཆུད་ཟོས་སུ་གཏོང་བར་ཆམ་ཕབ་དྲག་པོ་གཏོང་དགོས་ལ། དཀའ་སྤྱད་སྡུག་རུས་ཀྱི་སྲོལ་བཟང་དར་སྤེལ་བྱས་ནས། དཔལ་ཡོན་དང་འཆམ་མཐུན་གྱི་ལོ་གསར་བ་ཞིག་རོལ་དགོས་པའི་རེ་བ་བཏོན།

    ལིས་ཁི་ཆང་གིས་མཇུག་མཐར་གསུངས་རྒྱུར། ང་ཚོས་བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་འོག མི་དམངས་ལ་བརྟེན་ནས་བཅོས་སྒྱུར་བྱེད་ཕོད་པ་དང་། གསར་གཏོད་བརྩོན་ལེན་བྱས་ནས། སྲིད་གཞུང་གི་བྱ་བར་གྲུབ་འབྲས་སྔར་ལས་གསར་བ་ལེན་དགོས་ཟེར།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག