མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་གྲོས་ཚོགས་བསྡུས་ཏེ། ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་འཛུགས་པར་ཞིབ་འཇུག་དང་གཏན་འཁེལ་བྱས་པ།

རྩོམ་པ་པོ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-25 11:33

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཚེས24ཉིན་གྲོས་ཚོགས་བསྡུས་ཏེ། ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་འཛུགས་པར་ཞིབ་འཇུག་དང་གཏན་འཁེལ་བྱས་ཤིང་། ལོ་གཅིག་རིང་ལ་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ལག་བསྟར་བྱས་པའི་གནས་ཚུལ་ལ་ཉན་པ་དང་གོ་རིམ་རྗེས་མའི་སྤྱོད་ཚུལ་ལེགས་སྒྱུར་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད།

ཚོགས་ཐོག་ནས་ཞི་ཅིན་ཕེན་གྱིས་ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་ཁུར་བ་དང་ལིས་ཁི་ཆང་དང་ཀྲང་ཏི་ཅང་གཉིས་ཀྱིས་ཀྲུའུ་ཞི་གཞོན་པའི་འགན་ཁུར་ཞིང་། དེའི་ཁོངས་གཏོགས་སུ་རྒྱུན་ལས་ཨུ་ཡོན་དང་ཨུ་ཡོན་འགའ་ཡོད། ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་དེ་ཀྲུང་གུང་ཀྲུང་དབྱང་གིས་རྒྱལ་ཁབ་བདེ་འཇགས་བྱ་བའི་ཐབས་ཇུས་དང་གྲོས་གཞི་ལ་མཐུན་སྦྱོར་བྱེད་པའི་ལས་ཁུངས་ཡིན་པའི་ཆ་ནས་རྒྱལ་ཁབ་བདེ་འཇགས་ལ་འབྲེལ་བ་ཡོད་པའི་ལས་དོན་གལ་ཆེན་དང་བྱ་བ་གལ་ཆེན་ཐད་ལ་གཅིག་གྱུར་སྒོས་འཆར་འགོད་དང་མཐུན་སྦྱོར་བྱེད་པའི་འགན་འཁུར་རྒྱུ་ཐག་བཅད།

ཚོགས་ཐོག་ནས་བསྟན་དོན། ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱས་ནས་དུས་སྐབས་རང་བཞིན་གྱི་གྲུབ་འབྲས་ཆེན་པོ་བླངས་ཡོད་ནའང་ད་དུང་ཡིད་འཇོག་བྱེད་དགོས་པའི་གནད་དོན་ཁ་ཤས་གནས་ཡོད། ཏང་ཡོན་དང་ལས་བྱེད་པ་ཁ་ཤས་ཀྱིས་ལག་བསྟར་བྱེད་པའི་རང་རྟོགས་རང་བཞིན་དང་གསོན་ཤུགས་རང་བཞིན་ཞན་པ་དང་། ལས་བྱེད་པ་དང་མང་ཚོགས་ཁ་ཤས་ཀྱིས་བཏོན་པའི་གནད་དོན་ད་དུང་རྩ་བ་ནས་ཐག་བཅད་མེད་ལ། འབྲེལ་ཡོད་ལམ་ལུགས་ལག་བསྟར་བྱས་པ་དང་ཕན་འབྲས་ཐོབ་ཚད་དེ་འདྲ་མི་བཟང་བ་དང་། ས་གནས་དང་ལས་ཁུངས་ཁ་ཤས་ཀྱིས་ལག་བསྟར་དང་དངོས་འབེབས་བྱེད་པའི་ཁྲོད་དུ་ཕྱི་ཚུལ་རིང་ལུགས་དང་བྱ་བ་དོ་མི་མཉམ་པའི་རྣམ་པ་གནས་ཡོད་ཟེར།

ཚོགས་ཐོག་ནས་བསྟན་དོན། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱེད་པ་དང་བྱ་བའི་སྤྱོད་ཚུལ་ལེགས་སྒྱུར་བྱེད་པའི་ཡུན་རིང་རང་བཞིན་དང་རྙོག་འཛིང་རང་བཞིན་གསལ་བོར་ཤེས་པར་བྱེད་དགོས་པ་དང་། བློ་ཐག་རྦད་ཆོད་སྒོས་དུས་ཡུན་རིང་བོར་སྤྱོད་ཚུལ་ལེགས་སྒྱུར་བྱ་བ་བཟང་བོར་བསྒྲུབ་དགོས། སྐོར་ཐེངས་དང་པོའི་སློབ་གསོ་ལག་ལེན་བྱ་འགུལ་གྱི་དག་ཐེར་བཅོས་སྒྱུར་དང་སྐོར་ཐེངས་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བར་ཟུང་འབྲེལ་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་མགོ་ཁྲིད་ཀྱིས་སྣེ་ཁྲིད་དང་དཔེ་སྟོན་གྱི་ནུས་པ་འདོན་པ་རྒྱུན་འཁྱོངས་བྱེད་པ་དང་། དུས་དང་རྣམ་པ་ཀུན་ཏུ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་རྩ་ལག་མཉམ་བཅོས་བྱེད་པ་རྒྱུན་འཁྱོངས་བྱེད་དགོས་ལ། དུས་དང་རྣམ་པ་ཀུན་ཏུ་ཁྲིམས་སྐྱོང་བསམ་ཕྱོགས་དང་ཁྲིམས་སྐྱོང་རྣམ་པ་རྒྱུན་འཁྱོངས་བྱས་ནས། ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱེད་རྒྱུ་མུ་མཐུད་ནས་གཏིང་ཟབ་ཏུ་སྤེལ་དགོས་ཟེར།

ཚོགས་ཐོག་ནས་ད་དུང་ལས་དོན་གཞན་དག་ལ་ཞིབ་འཇུག་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག