མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཏི་ཅང་གིས་ཧྥ་རན་སིའི་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་པ་ཨར་ཐོ་ལོ་ནེ་དང་གྲོས་མོལ་མཛད་པ།

རྩོམ་པ་པོ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-25 11:33

张德江与法国国民议会议长巴尔托洛内举行会谈.jpg

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས23ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧྥ་རན་སིའི་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་པ་ཨར་ཐོ་ལོ་ནེ་དང་གྲོས་མོལ་མཛད།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས23ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧྥ་རན་སིའི་རྒྱལ་དམངས་གྲོས་ཁང་གི་གྲོས་དཔོན་པ་ཨར་ཐོ་ལོ་ནེ་དང་གྲོས་མོལ་མཛད།

    གྲོས་མོལ་མཛད་སྐབས་ཀྲང་ཏི་ཅང་གིས་ཐོག་མར་ཀྲུང་གོ་དང་ཧྥ་རན་སིའི་བར་འབྲེལ་བ་བཙུགས་ནས་ལོ་འཁོར་ལྔ་བཅུ་ལོན་པའི་སྐབས་སུ་པ་ཨར་ཐོ་ལོ་ནེ་ཀྲུང་གོར་འཚམས་འདྲིར་ཡོང་བ་དགའ་བསུ་ཞུས། ཁོང་གིས་གསུངས་རྒྱུར། ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ་ནི་འཛམ་གླིང་སྟེང་དུ་ཧ་ཅང་གལ་ཆེ་བའི་ཕྱོགས་གཉིས་འབྲེལ་བའི་ཁྲོད་ཀྱི་གཅིག་ཡིན་ལ། ཕྱོགས་གཉིས་ཀྱིས་འདྲ་མཉམ་ཡིད་ཆེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ་དང་བཟོད་སྒོམ་བྱེད་པ། མཉམ་ལས་མཉམ་རྒྱལ་བཅས་ཀྱི་རྩ་དོན་ལྟར། ཀྲུང་གོ་དང་ཡོ་རོབ་གླིང་གི་ཉིས་སྟོང་ཉི་ཤུ་ལོའི་འཐབ་ཇུས་འཆར་འགོད་དངོས་འབེབས་བཟང་བོ་བྱེད་དགོས་པ་དང་། ཧྥ་རན་སི་ནི་ཡོ་རོབ་གླིང་མནའ་འབྲེལ་གྱི་དཀྱིལ་སྙིང་ཁོངས་གཏོགས་རྒྱལ་ཁབ་ཡིན་པས་ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཡོ་རོབ་གླིང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

    པ་ཨར་ཐོ་ལོ་ནེ་ཡིས་བཤད་རྒྱུར། ཧྥ་རན་སིའི་རྒྱལ་དམངས་གྲོས་ཁང་དང་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གཉིས་ཀྱིས་དུས་བཅད་བརྗེ་རེས་ནང་རྐྱེན་བཙུགས་ནས་བྱང་ཚད་མཐོ་བའི་བརྗེས་རེས་གང་མང་བྱས། ང་ཚོས་ཀྲུང་གོ་ཕྱོགས་དང་མཉམ་དུ་གྲོས་ཁང་གི་མགོ་ཁྲིད་པ་དང་ཆེད་དོན་ཨུ་ཡོན་ལྷན་ཁང་། གྲོས་མི་སོགས་བར་གྱི་བརྗེ་རེས་ལ་སྔར་ལས་ཤུགས་བསྣན་ནས། ཧྥ་རན་སི་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་ནུས་པ་ཆེན་པོ་འདོན་འདོད་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག