མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིག་ཡུན་ཧྲན་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་སྐོར་དང་པོའི་སྤྱི་བསྡོམས་དང་སྐོར་གཉིས་པའི་བཀོད་སྒྲིག་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-22 11:03

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིག་ཡུན་ཧྲན་གྱིས་ཚེས21ཉིན་གྱི་སྔ་དྲོར་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་སྐོར་དང་པོའི་སྤྱི་བསྡོམས་དང་སྐོར་གཉིས་པའི་བཀོད་སྒྲིག་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིག་ཡུན་ཧྲན་གྱིས་ཚེས21ཉིན་གྱི་སྔ་དྲོར་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་སྐོར་དང་པོའི་སྤྱི་བསྡོམས་དང་སྐོར་གཉིས་པའི་བཀོད་སྒྲིག་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་སྒོས་ལག་བསྟར་བྱས་ནས། འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། སྐོར་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ་གྱི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པ་དང་བྱ་འགུལ་བཟང་བོར་སྤེལ་ནས། མང་ཚོགས་ཡིད་ཚིམ་པར་བྱེད་དགོས་ཟེར།

ལིག་ཡུན་ཧྲན་གྱིས་གསུངས་རྒྱུར། ཀྲུང་དབྱང་གིས་སྐོར་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ་སྐོར་ལ་བཀོད་སྒྲིག་བྱས་པ་ཧ་ཅང་གསལ་བོ་ཡིན་ཞིང་། གནད་འགག་ནི་བརྗོད་བྱ་འགྱུར་བ་མེད་པ་དང་། གནད་དོན་གྱི་ཁ་ཕྱོགས་འབུར་ཐོན་ཡིན་པ་རྒྱུན་འཁྱོངས་བྱས་ནས། སྤྱོད་ངན་བཞིའི་གནད་དོན་རྩད་གཅོད་པ་དང་། གནད་དོན་ཐག་གཅོད་པར་དམིགས་པ་རེད། སྐོར་གཉིས་པའི་བྱ་འགུལ་ལས་ཁུངས་ཀྱིས་མང་ཚོགས་ཁྲོད་ནས་བྱུང་བའི་ཚུལ་མིན་བྱ་སྤྱོད་ཡོ་བསྲང་བྱེད་དགོས་པ་དང་། མང་ཚོགས་དང་འབྲེལ་བའི་གནད་དོན་དང་། མང་ཚོགས་ལ་ཞབས་ཕྱི་བསྒྲུབ་པ་དོན་ཐོག་ཏུ་འཁྱོལ་བར་བྱེད་པའི་གནད་དོན། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་གནད་དོན་བཅས་ཐག་གཅོད་བཟང་བོ་བྱེད་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཏང་གི་སློབ་གྲྭའི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཀྲའོ་ལི་ཅི་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་མ་ཟད་སྤྱི་བསྡོམས་གཏམ་བཤད་སྤེལ། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་དང་། བློ་མཐུན་ལིག་ཡུན་ཧྲན་གྱི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་དེ་ལག་བསྟར་བྱས་ནས། མི་དམངས་བསམ་པ་དང་དངོས་གཉེར་སྤྱོད་གཙང་གི་བརྗོད་བྱ་འབུར་དུ་ཐོན་པར་བྱེད་པ། རང་སྐྱོན་སེལ་བ་དང་། བྱ་སྤྱོད་དྲང་མོ། རང་སྐྱོན་རང་སེལ། རང་སྐྱོན་ཡོ་བསྲང་བཅས་ཀྱི་སྤྱིའི་རེ་བ་འབུར་དུ་ཐོན་པ། གནད་དོན་གྱི་ཁ་ཕྱོགས་དང་དག་ཐེར་བཅོས་སྐྱོང་གི་སྙིང་སྟོབས་འབུར་དུ་ཐོན་པར་བྱེད་པ། སློབ་གསོ་དང་ལག་ལེན་གཉིས་འབུར་དུ་ཐོན་པར་བྱེད་པ། རིགས་བགར་བའི་མཛུབ་སྟོན་དང་གོང་འོག་གཉིས་མཉམ་འབྲེལ་བྱེད་པའི་བྱ་བ་འབུར་དུ་ཐོན་པར་བྱེད་པ། མགོ་ཁྲིད་ཀྱིས་སྣེ་ཁྲིད་པ་དང་མང་ཚོགས་ཟབ་ཞུགས་ཀྱི་བྱ་བ་འབུར་དུ་ཐོན་པར་བྱེད་པ། ནན་ཏན་གྱིས་བྱ་བ་སྒྲུབ་པ་འབུར་དུ་ཐོན་པར་བྱས་ནས། མང་ཚོགས་ཡིད་ཚིམ་པར་ཁག་ཐེག་བྱེད་དགོས་ཟེར།

ཀྲུང་གུང་ཀྲང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་ཏང་གི་སློབ་གྲྭའི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཀྲའོ་ཧོང་ཀྲུའུ་གྲོས་ཚོགས་སུ་ཞུགས།

གྲོས་ཚོགས་སྐབས་སུ་ཚོགས་འདུར་ཞུགས་པའི་བློ་མཐུན་རྣམས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་དང་དེར་གོ་བ་ཟབ་མོ་བླངས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག