མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་ཨུ་རུ་སིའི་བསོ་ཆིན་དུ་བསྡུ་རྒྱུ་ཡིན་པའི་སྐབས་ཉེར་གཉིས་པའི་དགུན་ཁའི་ཨོ་ལིན་ཕིས་ཁི་ལུས་རྩལ་འགྲན་ཚོགས་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་རྒྱུ་ཡིན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-21 11:00

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་ཕུའུ་ཅིན་གྱིས་གདན་དྲངས་པ་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་ཟླ2པའི་ཚེས6ནས་ཚེས8ན་བར་ཨུ་རུ་སིའི་བསོ་ཆིན་དུ་བསྡུ་རྒྱུ་ཡིན་པའི་སྐབས་ཉེར་གཉིས་པའི་དགུན་ཁའི་ཨོ་ལིན་ཕིས་ཁི་ལུས་རྩལ་འགྲན་ཚོགས་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་རྒྱུ་རེད།

ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཆིན་ཀང་གིས་ཚེས20ཉིན་བཤད་རྒྱུར། དེ་ནི་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཕྱི་རྒྱལ་ནས་བསྡུས་པའི་རྒྱལ་སྤྱིའི་ལུས་རྩལ་བྱ་འགུལ་ཆེན་མོར་ཞུགས་ཐེངས་དང་པོ་ཡིན་ལ། ཀྲུང་གོས་རྒྱལ་སྤྱིའི་ཨོ་ལིན་ཕིས་ཁི་ལུས་རྩལ་འགྲན་ཚོགས་ཀྱི་བྱ་འགུལ་དུ་ཞུགས་པར་མཐོང་ཆེན་ཚད་མཐོན་པོ་བྱེད་བཞིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕེན་རེབ་འདིར་བསོ་ཆིན་ནས་བསྡུ་རྒྱུ་ཡིན་པའི་སྐབས་ཉེར་གཉིས་པའི་དགུན་ཁའི་ཨོ་ལིན་ཕིས་ཁི་ལུས་རྩལ་འགྲན་ཚོགས་ཚོགས་མགོ་རྩོམ་པའི་མཛད་སྒོར་ཞུགས་རྒྱུ་ཡིན་པ་དང་། དེས་ཀྲུང་གོ་ཕྱོགས་ཀྱིས་ཨོ་ལིན་ཕིས་ཁི་ལུས་རྩལ་འགྲན་ཚོགས་དང་ཨུ་རུ་སི་ནས་བསྡུ་རྒྱུ་ཡིན་པའི་དགུན་ཁའི་ཨོ་ལིན་ཕིས་ཁི་ལུས་རྩལ་འགྲན་ཚོགས་ལ་རྒྱབ་སྐྱོར་བྱས་པ་ཡིན་ལ། ཀྲུང་གོ་ཕྱོགས་ཀྱིས་བསོ་ཆིན་ནས་བསྡུ་རྒྱུ་ཡིན་པའི་དགུན་ཁའི་ཨོ་ལིན་ཕིས་ཁི་ལུས་རྩལ་འགྲན་ཚོགས་ལེགས་འགྲུབ་འབྱུང་བའི་སྨོན་འདུན་ཞུ་བ་དང་། རྒྱལ་ཁབ་སོ་སོའི་ལུས་རྩལ་པས་གྲུབ་འབྲས་ཆེན་པོ་ལེན་པའི་སྨོན་འདུན་ཞུ་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག