མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གྱི་སྐོར་ཐེངས་དང་པོའི་སྤྱི་བསྡོམས་དང་སྐོར་ཐེངས་གཉིས་པའི་བཀོད་སྒྲིག་གྲོས་ཚོགས་པེ་ཅིན་ནས་ཚོགས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-21 11:00

ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གྱི་སྐོར་ཐེངས་དང་པོའི་སྤྱི་བསྡོམས་དང་སྐོར་ཐེངས་གཉིས་པའི་བཀོད་སྒྲིག་གྲོས་ཚོགས་ཚེས20ཉིན་པེ་ཅིན་ནས་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་ཚོགས་འདུར་ཞུགས་ནས་གསུངས་བཤད་གལ་ཆེན་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གྱི་སྐོར་ཐེངས་དང་པོའི་སྤྱི་བསྡོམས་དང་སྐོར་ཐེངས་གཉིས་པའི་བཀོད་སྒྲིག་གྲོས་ཚོགས་ཚེས20ཉིན་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་ཚོགས་འདུར་ཞུགས་ནས་གསུངས་བཤད་གལ་ཆེན་གནང་ཞིང་། སྐོར་ཐེངས་དང་པོའི་སློབ་གསོ་ལག་ལེན་བྱ་འགུལ་ལ་སྤྱི་བསྡོམས་བྱས་པ་དང་སྐོར་ཐེངས་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ་ལ་བཀོད་སྒྲིག་བྱས། ཞི་ཅིན་ཕེན་གྱིས་གསུངས་རྒྱུར། སྐོར་ཐེངས་དང་པོའི་བྱ་འགུལ་གྱི་ཉམས་མྱོང་གཞིར་བཟུང་སྟེ་སྤྱོད་ངན་བཞི་ལ་ངོ་རྒོལ་བྱེད་པ་དང་། མང་ཚོགས་ཀྱིས་སེམས་ཁུར་བྱེད་པ་དང་དགོས་གལ་ཆེ་བའི་གནད་དོན་ལ་དམིགས་ནས་མང་ཚོགས་ཀྱི་ཁེ་ཕན་ལ་འབྲེལ་བ་ཡོད་པའི་གནད་དོན་ཐག་གཅོད་བཟང་བོ་བྱེད་པ་དང་། མང་ཚོགས་ཀྱི་གམ་དུ་ཡོད་པའི་མི་ལེགས་པའི་སྤྱོད་ཚུལ་སྣ་ཚོགས་ལེགས་སྒྱུར་བྱེད་དགོས་ལ། སྤྱོད་ཚུལ་ལེགས་སྒྱུར་གྱི་གྲུབ་འབྲས་དེ་གཞི་རིམ་དུ་དངོས་འབེབས་བཟང་བོ་བྱས་ནས་མང་ཚོགས་ལ་ཁེ་ཕན་ངོ་མ་ཐོབ་ཏུ་འཇུག་དགོས་པར་མ་ཟད་ཧུར་ཐག་སྒོས་མི་དམངས་མང་ཚོགས་ཡིད་ཚིམས་པའི་གྲུབ་འབྲས་ལེན་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཁི་ཆང་དང་ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ཝང་ཆི་ཧྲན། ཀྲང་ཀའོ་ལེ་བཅས་ཚོགས་འདུར་ཞུགས་པ་དང་། ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་གྱི་མགོ་ཁྲིད་ཚན་ཆུང་གི་ཙུའུ་ཀྲང་ལིག་ཡུན་ཧྲན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད། གྲོས་ཚོགས་ཀྱིས་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་རྣམ་པར་བརྟེན་ནས་རྫོང་རིམ་པ་དང་མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་ཐོན་རིམ་པ་ཡན་གྱི་ལས་ཁུངས་ནས་བསྡུས།

ཞི་ཅིན་ཕེན་གྱིས་གསུངས་བཤད་གནང་སྐབས་སྐོར་ཐེངས་དང་པོའི་སློབ་གསོ་ལག་ལེན་བྱ་འགུལ་ཐད་ནས་དུས་སྐབས་གལ་ཆེན་རང་བཞིན་གྱི་གྲུབ་འབྲས་ཐོབ་ཅིང་། ཏང་ཡོན་དང་ལས་བྱེད་པར་ཏང་གཤིས་ཐད་ནས་སྦྱོར་བསྡུར་བྱས་པ་དང་སྤྱོད་ངན་བཞི་རྒྱ་ཡན་དུ་འགྲོ་བ་བཀག་འགོག་བྱས་ཤིང་། སྤྱི་ཚོགས་ཀྱི་རྣམ་པ་བཟང་ཕྱོགས་སུ་འགྲོ་བར་སྣེ་ཁྲིད་བྱས་པ་དང་མང་ཚོགས་ལམ་ཕྱོགས་ཀྱི་ཡུན་རིང་ཕན་འབྲས་ནང་རྐྱེན་ལག་བསྟར་དང་རྩ་གནད་རང་བཞིན་གྱི་ཚོད་འཛིན་རྣམ་པ་ཐོག་མར་ཆགས། སློབ་གསོ་ལག་ལེན་བྱ་འགུལ་ལས་ཐོབ་པའི་འགྱུར་ལྡོག་གསར་བ་དང་སྣང་ཚུལ་གསར་བར་མང་ཚོགས་ཀྱི་ཁས་ལེན་ཐོབ་པ་དང་ཏང་ཕྱི་ནང་གི་གདེང་འཇོག་ཆེན་པོ་ཐོབ་ཅེས་ནན་གྱིས་བསྟན།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། སྐོར་ཐེངས་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ་གྱི་གལ་ཆེན་རང་བཞིན་དང་དགོས་གལ་ཆེན་གསལ་བོར་ཤེར་པར་བྱེད་པ་དང་བསམ་བློའི་རང་རྟོགས་དང་བྱ་འགུལ་སྤྱོད་རང་རྟོགས་ཇེ་དྲག་ཏུ་གཏོང་དགོས། སྐོར་ཐེངས་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ་ནི་སྐོར་ཐེངས་དང་པོ་གཏིང་ཟབ་ཏུ་སྤེལ་རྒྱུ་དེ་ཡིན། གྲོང་ཁྱེར་དང་རྫོང་གི་མགོ་ཁྲིད་ལས་ཁུངས་དང་མགོ་ཁྲིད་ལས་བྱེད་པ། གཞི་རིམ་ལས་ཁུངས་བཅས་ཀྱིས་མི་དམངས་མང་ཚོགས་ལ་ཐད་ཀར་དུ་འབྲེལ་འདྲིས་བྱས་བས། དེའི་མི་ལེགས་པའི་བྱ་སྤྱོད་ལས་མང་ཚོགས་ཀྱི་ཁེ་ཕན་དང་མང་ཚོགས་བར་གྱི་མཛའ་བཤེས་ལ་ཐད་ཀར་དུ་གནོད་པ་བཟོས། མི་དམངས་མང་ཚོགས་ཀྱི་གམ་དུ་བྱུང་བའི་རུལ་སུངས་གནད་དོན་ཅིས་ཀྱང་ཐག་གཅོད་དགོས་པ་དང་། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་ཐེབས་པའི་གནད་དོན་སྣ་ཚོགས་ནན་ཏན་སྒོས་ཐག་བཅད་ནས་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་དགོས། སྐོར་ཐེངས་གཉིས་བའི་སློབ་གསོ་ལག་ལེན་བྱ་འགུལ་ལས་དེའི་ཕྱོགས་ཀྱི་བྱ་བ་བཟང་བོར་བསྒྲུབ་དགོས་ཟེར།

ཞི་ཅིན་ཕེན་གྱིས་གསུངས་རྒྱུར། རིམ་པ་སོ་སོའི་ཏང་ཨུ་ཡིས་སློབ་གསོ་ལག་ལེན་བྱ་འགུལ་བཟང་བོར་སྤེལ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཏུ་བརྩིས་ནས་དམ་འཛིན་བཟང་བོ་བྱེད་དགོས། སྐོར་ཐེངས་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ་ཁྲོད་དུ་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་སོ་སོས་རྫོང་གཅིག་རེ་འབྲེལ་འདྲིས་ས་ཁུལ་ཏུ་གདམ་གསེས་བྱེད་དགོས་པ་དང་། མགོ་ཁྲིད་པའི་འགན་འཁྲི་དངོས་འབེབས་བཟང་བོ་བྱས་ཏེ་རིམ་པས་རིམ་པ་འཛིན་པ་དང་རིམ་པས་རིམ་པར་སྣེ་ཁྲིད་བྱས་ནས་རིམ་པ་སོ་སོ་ནས་དངོས་འབེབས་བྱེད་དགོས། ལྟ་རྟོག་ཞིབ་བཤེར་བྱ་བར་ཤུགས་བསྣན་ནས་རྩད་ཆོད་པའི་གནད་དོན་དུས་ཐོག་ཏུ་ཐག་གཅོད་དགོས། དྲིལ་སྒྲོག་སྣེ་ཁྲིད་བྱ་བ་དམ་འཛིན་དང་དྲིལ་སྒྲོག་ཤུགས་ཚད་ཇེ་ཆེར་གཏོང་དགོས་ལ། དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བར་སྣང་ཚུལ་བཟང་བོ་ཞིག་བསྐྲུན་དགོས། གཅིག་གྱུར་སྒོས་འཆར་འགོད་དང་ཁྱོན་ཡོངས་ལ་ལྟ་རྟོག་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་བྱ་འགུལ་སྤེལ་རྒྱུ་དང་དེང་སྐབས་ཀྱི་བྱ་བ་སྣ་ཚོགས་ཟུང་འབྲེལ་བྱས་ནས། ཕྱོགས་གཉིས་འཛིན་པ་དང་ཕྱོགས་གཉིས་འགོར་འགྱངས་སུ་མི་གཏོང་བར་བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ཀྱི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པར་སྟོབས་དང་ལྡན་པའི་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར།

ལིག་ཡུན་ཧྲན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་སྐབས་གསུངས་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་ལས་ཐབས་ཇུས་དང་ཁྱོན་ཡོངས་ཀྱི་མཐོ་ཚད་ནས་སྐོར་ཐེངས་དང་པོའི་སློབ་གསོ་ལག་ལེན་བྱ་འགུལ་ཐད་ནས་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་ཡོད་པ་དང་། སྐོར་ཐེངས་དང་པོའི་བྱ་འགུལ་ཐད་ཀྱི་ཕུན་སུམ་ཚོགས་པའི་ཉམས་མྱོང་ལ་སྤྱི་བསྡོམས་ཞིབ་མོ་བྱས་ཡོད་ལ། སྐོར་ཐེངས་གསུམ་པའི་སློབ་གསོ་ལག་ལེན་བྱ་འགུལ་སྤེལ་བའི་གལ་ཆེན་རང་བཞིན་དང་དགོས་གལ་རང་བཞིན་རྒྱས་བཤད་རྒྱས་བར་མ་ཟད་བྱ་འགུལ་གྱི་བྱེད་ཕྱོགས་དང་རྩ་དོན་དང་དམིགས་འབེན་དང་རེ་བ་གསལ་བོར་བསྟན་ཡོད། རིམ་པ་སོ་སོའི་ཏང་ཨུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་སྟོན་དུ་འཛིན་པ་དང་རང་རང་གི་བྱ་བའི་དོན་དངོས་དང་འབྲེལ་ཏེ། སྐོར་ཐེངས་གཉིས་པའི་སློབ་གསོ་ལག་ལེན་བྱ་འགུལ་ཐད་ལ་བཀོད་སྒྲིག་ཞིབ་མོ་བྱེད་པ་དང་མུ་མཐུད་དུ་སྐོར་ཐེངས་དང་པོའི་བྱ་འགུལ་གྱི་དག་ཐེར་ལེགས་སྒྱུར་དང་དངོས་འབེབས་བྱ་བ་བཟང་བཟང་བོར་བསྒྲུབ་ནས། མི་དམངས་མང་ཚོགས་ལ་བྱ་འགུལ་ཐད་ནས་ཐོབ་པའི་སྤྱོད་ཚུལ་གྱི་སྣང་བརྙན་བཟང་བོ་ཉམས་སུ་མྱོང་དུ་འཇུག་དགོས་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག