མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་པེ་ཅིན་དུ་སྡོད་པའི་ལས་བྱེད་པ་རྒན་པར་ལོ་སར་གྱི་འཚམས་འདྲི་བྱེད་པའི་རིག་རྩལ་འཁྲབ་སྟོན་གྱི་དགོང་ཚོགས་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-21 11:00

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་དམག་དོན་ཨུ་ཡོནལྷན་ཁང་གིས་པེ་ཅིན་དུ་སྡོད་པའི་ལས་བྱེད་པ་རྒན་པར་ལོ་སར་གྱི་འཚམས་འདྲི་བྱེད་པའི་རིག་རྩལ་འཁྲབ་སྟོན་ཚེས20ཉིན་པེ་ཅིན་ནས་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་འཁྲབ་སྟོན་སྟེང་ཕེབས་ནས་དེར་སྡོད་པའི་དམག་དཔུང་གི་བློ་མཐུན་རྒན་པ་དང་། ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་པ་རྒན་པ་རྣམས་ལ་ལོ་སར་གྱི་འཚམས་འདྲི་དང་དུས་ཆེན་གྱི་རྟེན་འབྲེལ་ཞུས། རིག་རྩལ་འཁྲབ་སྟོན་དེས་དམག་ཡོངས་ཀྱིས་མ་འོངས་བའི་འཐབ་རར་ཁ་ཕྱོགས་ནས་གཅིག་བསྡུས་ཀྱིས་འཐབ་རྩོད་བྱེད་ཕོད་པ་དང་། འཐབ་རྩོད་ཁྲོད་རྒྱལ་ཁ་ལེན་ཐུབ་པ། ཏན་ཏིག་སྒོས་དམག་དོན་འཐབ་འཛིང་ལ་གྲ་སྒྲིག་བྱས་པའི་གྲུབ་འབྲས་གསར་བ་དང་རྣམ་པ་གསར་བ་མངོན་པར་མཚོན་ཡོད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག