མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་སློབ་གསོ་དང་ཚན་རྩལ་རིག་གནས་འཕྲོད་བསྟེན་ལུས་རྩལ་བཅས་ཕྱོགས་ཀྱི་མི་སྣ་དང་གཞི་རིམ་མང་ཚོགས་ཀྱི་འཐུས་མིའི་བཞུགས་མོལ་ཚོགས་འདུ་བསྡུས་ནས་སྲིད་གཞུང་བྱ་བའི་སྙན་ཞུའི་སྐོར་གྱི་བསམ་འཆར་དང་གྲོས་གཞི་ལ་ཉན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-20 11:01

ཟླ་དང་པོའི་ཚེས17ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྲུང་ནན་ཧེ་ནས་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད་དེ། སློབ་གསོ་དང་ཚན་རྩལ། རིག་གནས་འཕྲོད་བསྟེན་ལུས་རྩལ་བཅས་ཕྱོགས་ཀྱི་མི་སྣ་དང་གཞི་རིམ་མང་ཚོགས་ཀྱི་འཐུས་མིའི«སྲིད་གཞུང་བྱ་བའི་སྙན་ཞུའི(བསམ་འཆར་བསྡུ་ལེན་མ་ཡིག)»གི་བསམ་འཆར་དང་གྲོས་གཞི་ལ་ཉན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དང་པོའི་ཚེས17ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཀྲུང་ནན་ཧེ་ནས་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད་དེ། སློབ་གསོ་དང་ཚན་རྩལ། རིག་གནས་འཕྲོད་བསྟེན་ལུས་རྩལ་བཅས་ཕྱོགས་ཀྱི་མི་སྣ་དང་གཞི་རིམ་མང་ཚོགས་ཀྱི་འཐུས་མིའི«སྲིད་གཞུང་བྱ་བའི་སྙན་ཞུའི(བསམ་འཆར་བསྡུ་ལེན་མ་ཡིག)»གི་བསམ་འཆར་དང་གྲོས་གཞི་ལ་ཉན།

བཞུགས་མོལ་ཚོགས་འདུའི་སྟེང་། འཐུས་མི་བཅུ་ཡིས་གཅིག་རྗེས་གཉིས་མཐུད་སྒོས་གཏམ་བཤད་པ་དང་། རང་སོ་སོའི་ཕྱོགས་ནས་འདས་པའི་ལོ་གཅིག་གི་རིང་ལ་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་ཡར་ཐོན་ཐད་ཀྱི་མྱོང་ཚོར་ལྷུག་པོར་བརྗོད་པ་དང་། སྲིད་གཞུང་བྱ་བའི་སྙན་ཞུའི་ནང་དམངས་འཚོ་ལེགས་བཅོས་དང་སྤྱི་ཚོགས་ལས་དོན་འཕེལ་རྒྱས་སྐོར་གྱི་ནང་དོན་སྔར་ལས་ཇེ་མང་དུ་གཏོང་བར་དམིགས་ནས། ལང་ལོང་གིས་ལྟ་ཚུལ་བརྗོད་པ་དང་གྲོས་གཞི་བཏོན།

ཚང་མས་གཏམ་བཤད་པར་ཉན་རྗེས། ལིས་ཁི་ཆང་གིས་གསུངས་རྒྱུར། དེ་རིང་ཁྱེད་རྣམ་པས་བཤད་པ་ནི་རྒྱལ་ཁབ་ཀྱི་སློབ་གསོ་དང་ཚན་རྩལ་ལས་དོན་འཕེལ་རྒྱས་སུ་གཏོང་བ་དང་། མི་དམངས་ཀྱི་བདེ་ཐང་གི་ཆུ་ཚད་མཐོར་འདེགས་སུ་གཏོང་བ། སྤྱི་ཚོགས་ཀྱི་དཔལ་ཡོན་དང་ཡར་ཐོན་ལ་སྐུལ་འདེད་གཏོང་བ་བཅས་དང་འབྲེལ་བ་ཡོད་པས། སྲིད་གཞུང་བྱ་བས་ཕྱོགས་དེའི་ནང་དོན་གཙོ་བོར་འཛིན་དགོས་ལ། ཆེས་གལ་ཆེ་བ་ནི་རིམ་པ་སོ་སོའི་སྲིད་གཞུང་གིས་ལག་ལེན་ཏུ་བསྟར་ཐུབ་པའི་བྱེད་ཐབས་སྤྱོད་དགོས་པ་དེ་ཡིན་ཟེར། ཁོང་གིས་ཚང་མར་བཀའ་དྲིན་ཞུས་པར་མ་ཟད། ཚང་མར་ལུགས་རྙིང་ལོ་སར་གྱི་སྨོན་འདུན་ཞུས།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་དང་ལིག་ཡན་ཏུང་། ཝང་ཡང་། མཱ་ཁེ། རྒྱལ་སྲིད་ཨུ་ཡོན་དབྱང་ཅིན་དང་གོ་ཧྲིན་ཁུན་བཅས་བཞུགས་མོལ་ཚོགས་འདུར་ཞུགས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག