མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གུང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕེན་གྱིས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་བརྡ་ཐོ་བཏང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-20 11:01

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཚེས་བཅུ་དགུ་ཉིན་བརྡ་ཐོ་བཏང་སྟེ། རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར། དངོས་འབེབས་བཅས་བྱས་ཏེ། བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བར་བརྟེན་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པར་སྐུལ་འདེད་གཏོང་བ་དང་། ཏང་གི་རྩ་འཛུགས་སྒྲིག་ལམ་དམ་ཞིང་ཏང་ཡོངས་རྩ་འཛུགས་ཀྱི་སྒྲིག་ལམ་རང་བཞིན་ཇེ་དྲག་ཏུ་གཏོང་དགོས་ལ། བཟོད་སྒོམ་ཅི་ཡང་མི་བྱེད་པར་རུལ་སུངས་ལ་ཆད་པ་གཅོད་པ་དང་གྲུབ་འབྲས་དངོས་ཀྱིས་མང་ཚོགས་ཡིད་ཆེས་པར་བྱེད་དགོས་པའི་རེ་བ་བཏོན།

བརྡ་ཐོ་ལས་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་དང་རྒྱ་ཆེའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་ལ་སློབ་སྦྱོང་བྱེད་པའི་དོན་སྙིང་གལ་ཆེན་གསལ་བོར་ཤེར་པར་བྱས་ཏེ། བསམ་བློ་དང་དོན་དངོས་འབྲེལ་འདྲིས་བྱེད་པ་དང་། གསུངས་བཤད་ཀྱི་དགོངས་དོན་དང་ངོ་བོ་ལ་གོ་བ་ཟབ་མོ་ལེན་དགོས་ཤིང་། བསམ་བློའི་ངོས་ཟིན་དེ་ཀྲུང་དབྱང་གིས་གནས་བབ་ལ་བརྡར་ཤ་གཅོད་པ་དང་ལས་འགན་བཀོད་སྒྲིག་བྱེད་པ་དང་གཅིག་གྱུར་བྱེད་དགོས། བྱ་བའི་དོན་དངོས་དང་འབྲེལ་ཏེ་གསུངས་བཤད་ཀྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་བཟང་བོ་བྱེད་པ་དང་། ཏང་ཨུ་ཡིས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་འཁྲི་དངོས་འབེབས་བྱེད་པར་རོགས་རམ་བྱེད་དགོས་ལ། བློ་ཐག་རྦད་ཆོད་སྒོས་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལྟ་རྟོག་འཁན་འཁྲི་དངོས་འབེབས་བཟང་བོ་བྱེད་པ་དང་། ལྟ་རྟོག་དང་སྒྲིག་ཁྲིམས་ཞིབ་བཤེར་གྱིས་འགན་འཁྲི་རྩད་གཅོད་ཀྱི་ལས་འགན་ནན་ཏན་སྒོས་ལག་བསྟེར་བྱེད་དགོས། རང་སྟེང་གི་དོན་དངོས་དང་འབྲེལ་ཏེ་རྩ་འཛུགས་གསར་སྐྲུན་དང་ལམ་ལུགས་འཛུགས་སྐྲུན་སྟེང་དུ་ནང་ཁུལ་གྱི་ལྟ་རྟོག་ནང་རྐྱེན་ལ་ཤུགས་སྣོན་དང་འཐུས་ཚང་དུ་གཏོང་དགོས་པ་དང་། རང་སྟེང་གི་ལྟ་རྟོག་ཤུགས་ཚད་ཇེ་ཆེར་གཏོང་བ་དང་སྒྲིག་ལམ་དམ་པོས་བྱང་ཚད་མཐོ་བའི་དཔུང་སྡེ་འཛུགས་སྐྲུན་བྱེད་དགོས་ཞེས་ནན་གྱིས་བསྟན།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག