མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས«ཞིང་སྡེའི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་ཞིང་ལས་དེང་རབས་ཅན་མྱུར་དུ་འཛུགས་སྐྲུན་བྱེད་པའི་སྐོར་གྱི་བསམ་འཆར་འགའ»དཔར་ནས་བཀྲམས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-20 11:01

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཉེ་ལམ«ཞིང་སྡེའི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་ཞིང་ལས་དེང་རབས་ཅན་མྱུར་དུ་འཛུགས་སྐྲུན་བྱེད་པའི་སྐོར་གྱི་བསམ་འཆར་འགའ»དཔར་ནས་བཀྲམས།

བསམ་འཆར་ལས་བཀོད་དོན། 2014ལོ་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ནང་ཞིང་ལས་དང་ཞིང་སྡེའི་བྱ་བས་ཏིན་ཞའོ་ཕེན་གྱི་རིགས་གཞུང་དང་མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་མཛུབ་སྟོན་ཏུ་བཟུང་སྟེ། སྲིད་ཇུས་ཇེ་བརྟན་ཏུ་གཏོང་བ་དང་། བཅོས་བསྒྱུར་གསར་བསྐྲུན་བྱེད་པ། རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་གཏོང་བ་བཅས་སྤྱིའི་རེ་བ་གཞིར་བཟུང་སྟེ། ལམ་ལུགས་གསར་བསྐྲུན་བྱེད་པའི་ཐད་ནས་གྲུབ་འབྲས་ཆེན་པོ་ལེན་པར་འབད་བརྩོན་དང་། དེང་རབས་ཞིང་ལས་འཕེལ་རྒྱས་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་འབད་བརྩོན། སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བ་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་འབད་བརྩོན་བཅས་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་བདེ་བླག་ངང་འཕེལ་རྒྱས་སུ་གཏོང་བར་སྟོབས་དང་ལྡན་པའི་རྒྱབ་སྐྱོར་འདོན་སྤྲོད་བྱེད་དགོས། གཅིག་ནས་རྒྱལ་ཁབ་འབྲུ་རིགས་བདེ་འཇགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་དགོས་པ་དང་། གཉིས་ནས་ཞིང་ལས་ལ་རོགས་སྐྱོར་དང་སྲུང་སྐྱོབ་བྱེད་པའི་ལམ་ལུགས་ལ་ཤུགས་སྣོན་དགོས། གསུམ་ནས་ཞིང་ལས་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་གཏོང་བའི་ཡུན་རིང་ལ་གོ་ཆོད་པའི་ལམ་ལུགས་འཛུགས་དགོས། བཞི་ནས་ཞིང་སྡེའི་ས་ཞིང་ལམ་ལུགས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་དགོས། ལྔ་ནས་རྣམ་པ་གསར་བའི་ཞིང་ལས་བདག་གཉེར་མ་ལག་འཛུགས་སྐྲུན་བྱེད་དགོས། དྲུག་ནས་ཞིང་སྡེའི་དངུལ་ལོར་ལམ་ལུགས་མྱུར་དུ་གསར་བསྐྲུན་བྱེད་དགོས། བདུན་ནས་མཁར་གྲོང་འཕེལ་རྒྱས་གཞི་གཅིག་ཅན་ཏུ་བསྒྱུར་བའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། བརྒྱད་ནས་ཞིང་སྡེའི་བཅོས་སྐྱོང་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་ཟེར།

བསམ་འཆར་ལས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཞིང་གསུམ་བྱ་བའི་མགོ་ཁྲིད་ལ་དངོས་སུ་ཤུགས་བསྣན་ཏེ། ཞིང་སྡེའི་བཅོས་བསྒྱུར་བྱ་བའི་ཁ་ཕྱོགས་ཁོང་དུ་ཆུད་པར་བྱེད་པ་དང་། ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་བྱེད་ཐབས་ཇུས་འགོད་བཟང་བོ་བྱས་ནས། ཏང་གི་ཞིང་སྡེའི་བྱེད་ཕྱོགས་དང་སྲིད་ཇུས་སྣ་ཚོགས་ལག་ལེན་མཐར་ཕྱིན་བཟང་བོ་བྱེད་དགོས་ཞེས་བསྟན།  ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག