མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཕྱི་འབྲེལ་པུའི་མགྲིན་ཚབ་པས་ལྗར་ཕན་གྱིས་སློབ་དེབ་དཔྱད་གཏན་འཁེལ་བའི་ཚད་གཞིར་བཟོ་བཅོས་བྱས་པའི་ཐད་དོ་ཁུར་ཆེན་པོ་བྱེད་པ།

རྩོམ་པ་པོ། ལྷག་པ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-01-18 11:29

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧུང་ལེས་སྤྱི་ཚེས་17ཉིན་ཕྱི་འབྲེལ་པུའི་འཆར་ཅན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག ལྗར་ཕན་ནས་སློབ་དེབ་དཔྱད་གཏན་འཁེལ་བའི་ཚད་གཞིར་བཟོ་བཅོས་བྱས་པའི་སྐོར་གྱི་འདྲི་བར་ལན་སྐྱོན་སྐབས། ཀྲུང་གོས་ལྗར་ཕན་རྒྱལ་ནང་གི་འབྲེལ་ཡོད་འགུལ་ཕྱོགས་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་ཅེས་བསྟན་འདུག

གནས་ཚུལ་སྤེལ་གསལ་ལྟར་ན། ལྗར་ཕན་གྱི་སློབ་གསོ་ཚན་རིག་རིག་གནས་ལུས་རྩལ་ཚན་པས་སྤྱི་ཚེས་17ཉིན་ད་ལྟའི་སློབ་དེབ་དཔྱད་གཏན་འཁེལ་བའི་ཚད་གཞིར་བཟོ་བཅོས་བྱས་པ་དང་། སློབ་དེབ་ནང་ཉེ་རབས་ལོ་རྒྱུད་འགོད་པའི་སྐོར་ལ་སྲིད་གཞུང་གི་ལངས་ཕྱོགས་ལ་བརྩི་འཇོག་བྱེད་དགོས་པའི་བླང་བྱ་བཏོན་ཡོད་ཅེས་དང་། གནས་ཚུལ་སྤེལ་བའི་ནང་། ད་ཐེངས་བཟོ་བཅོས་བྱེད་དགོས་དོན་ནི་རང་དབང་དམངས་གཙོ་ཏང་གིས་ད་ལྟའི་སློབ་དེབ་ནང་གི་ནན་ཅིན་དམར་གསོད་ཆེན་པོ་དང་སེམས་གསོ་མའི་སྐོར་གྱི་གནས་ཚུལ་འགོད་པའི་ཐད་དྲང་བདེན་མིན་པའི་ངོས་འཛིན་བྱེད་པ་དེ་རེད་ཅེས་བཀོད་འདུག

ཧུང་ལེས། ལྗར་ཕན་གྱི་སློབ་དེབ་གནད་དོན་གྱི་ངོ་བོ་ནི་ལྗར་ཕན་ནས་ལོ་རྒྱུད་ཀྱི་ལྟ་བ་གང་འདྲ་ཞིག་གི་ཐོག་ནས་གཞོན་ནུའི་མི་རབས་ལ་སློབ་གསོ་རྒྱག་མིན་དེ་དང་། ལོ་རྒྱུས་ཀྱི་དོན་དངོས་ལ་བརྩི་འཇོག་བྱེད་མིན། བཙན་འཛུལ་གྱི་སྡིག་ཉེས་ལ་རང་ནོང་བསམ་གཞིགས་བྱེད་མིན་བཅས་ལ་ཐུག་ཡོད་ཅེས་གསུངས་འདུག

ཧུང་ལེས་ནན་ཅིང་དམར་གསོད་ཆེན་པོ་དང་སེམས་གསོ་མ་བཙན་ཐབས་ངང་ཁྲིད་པ་ནི་ལྗར་ཕན་དམག་རྒྱལ་རིང་ལུགས་ཀྱིས་འཛམ་གླིང་དམག་ཆེན་གཉིས་པའི་རིང་བསགས་པའི་མི་ཆོས་ལས་འགལ་བའི་སྡིག་ཉེས་ཆེན་པོ་ཞིག་ཡིན་པ་དང་དཔང་རྟགས་བསྙོན་མེད་ཡིན། ལོ་རྒྱུས་ནི་བསྐྱར་ལོག་བྱེད་མི་རུང་བ་དང་། དོན་དངོས་ནི་ཁས་ལེན་མ་བྱེད་ཀ་མེད་ཞིག་ཡིན། ང་ཚོས་ལྗར་ཕན་ཕྱོགས་ནས་ཀྲུང་གོ་སོགས་གནོད་འཚེ་ཕོག་མཁན་རྒྱལ་ཁབ་ཀྱི་མི་དམངས་ཚོའི་བརྩེ་དུང་ལ་བརྩི་འཇོག་དང་བཙན་འཛུལ་གྱི་ལོ་རྒྱུས་ལ་རང་ནོང་བསམ་གཞིགས་གཏིང་ཟབ་བྱེད་པ། ནོར་འཁྲུལ་གྱི་ལམ་བུའི་ཐོག་མུ་མཐུད་མི་འགྲོ་བའི་སྐུལ་མ་བྱ་རྒྱུ་ཡིན་ཞེས་གསུངས་འདུག །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག