མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་མགོ་འཛིན་མཛད་དེ་ཆེད་མཁས་པ་དང་ཤེས་ཡོན་ཅན། ཁེ་ལས་ལས་རིགས་ཀྱི་མི་སྣའི་བཞུགས་མོལ་ཚོགས་འདུ་བསྡུས་པ།

རྩོམ་པ་པོ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-18 11:29

李克强主持召开专家学者和企业界人士座谈会.jpg

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས17ཉིན་གྱི་སྔ་དྲོར་ཀྲུང་ནན་ཧེ་ནས་མགོ་འཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས་ནས། ཆེད་ལས་མཁས་བ་དང་ཤེས་ཡོན་ཅན། ཁེ་ལས་ལས་རིགས་ཀྱི་མི་སྣ་བཅས་ཀྱིས་སྲིད་གཞུང་བྱ་བའི་སྙན་ཞུའི་བསམ་འཆར་བསྡུ་ལེན་མ་ཡིག་ལ་བསམ་འཆར་དང་གྲོས་གཞི་བཏོན་པར་ཉན།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས17ཉིན་གྱི་སྔ་དྲོར་ཀྲུང་ནན་ཧེ་ནས་མགོ་འཛིན་མཛད་དེ་བཞུགས་མོལ་ཚོགས་འདུ་བསྡུས་ནས། ཆེད་ལས་མཁས་པ་དང་ཤེས་ཡོན་ཅན། ཁེ་ལས་ལས་རིགས་ཀྱི་མི་སྣ་བཅས་ཀྱིས་སྲིད་གཞུང་བྱ་བའི་སྙན་ཞུའི་བསམ་འཆར་བསྡུ་ལེན་མ་ཡིག་ལ་བསམ་འཆར་དང་གྲོས་གཞི་བཏོན་པར་ཉན།

    བཞུགས་མོལ་ཚོགས་འདུའི་སྟེང་ཚང་མས་ཧུར་ཐག་སྒོས་བློ་འདོན་ཇུས་འབུལ་བྱས་པ་དང་། ལིས་ཁི་ཆང་གིས་ཚང་མས་བཏོན་པའི་བསམ་འཆར་དང་གྲོས་གཞི་ལ་ཉན་རྗེས་གསུངས་རྒྱུར། ཚང་མས་བཏོན་པའི་བསམ་འཆར་དང་གྲོས་གཞི་དེ་སྲིད་གཞུང་བྱ་བའི་སྙན་ཞུའི་ནང་དུ་བསྡུ་ལེན་བྱེད་དགོས་པར་མ་ཟད་དོན་དངོས་ཀྱི་བྱ་བའི་ཁྲོད་དུ་བསམ་གཞིགས་གཏོང་དགོས། ད་ལོར་ཆེ་ཕྱོགས་ཀྱི་སྲིད་ཇུས་གསལ་བོར་ཤེས་པར་བྱས་ནས་དཔལ་འབྱོར་འཁོར་རྒྱུགས་དེ་ལུགས་མཐུན་གྱི་ཁྱབ་ཁོངས་སུ་སྲུང་འཛིན་བྱེད་དགོས་པ་དང་། ཚོང་རའི་སྔོན་དཔག་གནས་བབ་བརྟན་འཇགས་སུ་གཏོང་དགོས་ལ། བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་དང་གྲུབ་ཚུལ་ལེགས་སྒྲིག་བྱས་ནས་སྲིད་གཞུང་་དང་ཚོང་རའི་འབྲེལ་བ་ཐག་གཅོད་བཟང་བོ་བྱེད་དགོས། མི་དམངས་ཀྱི་ཁེ་ཕན་གཙོ་བོར་བཟུང་ནས་འབྲེལ་བ་མེད་པའི་བྱ་བར་ཁ་ཡ་གཏན་ནས་བྱེད་མི་དགོས་པ་དང་། སྤྱི་བའི་ལྟ་རྟོག་དོ་དམ་བྱ་བ་བཟང་བོར་བསྒྲུབ་ནས་འདྲ་མཉམ་འགྲན་རྩོད་ཀྱི་ཁོར་ཡུག་བསྐྲུན་དགོས་ཟེར།

    ལིས་ཁི་ཆང་གིས་ད་དུང་ཆེད་ལས་མཁས་པ་རྣམས་ལ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་གནད་དོན་གལ་ཆེན་ཐད་ལ་སྔར་ལས་ཞིབ་འཇུག་བྱེད་དགོས་པའི་རེ་བ་བཏོན།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག