མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཤང་ཀང་དང་ཨའོ་མོན་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གནས་ཚུལ་གྱི་སྙན་ཞུའི་ཚོགས་འདུ་འཚོགས་པ།

རྩོམ་པ་པོ། སྐྱིད་པོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-01-18 11:29

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཚེས་17ཉིན་ཀྲུའུ་ཧེའི་རུ་ཤང་ཀང་དང་ཨའོ་མོན་གྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གནས་ཚུལ་གྱི་སྙན་ཞུའི་ཚོགས་འདུ་འཚོགས་པ་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་དྲུང་ཆེ་གཅིག་ལྕོགས་ཝང་ཁྲེན་གྲོས་ཚོགས་ལ་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་ཡོད་པ་རེད།

ཝང་ཁྲེན་གྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་ལོ་2013ལོའི་ལས་དོན་གནས་ཚུལ་གཙོ་བོ་དང་སྤྱི་ལོ་2014ལོའི་ལས་དོན་གྱི་ཐོག་མའི་བཀོད་སྒྲིག་བརྡ་ཁྱབ་གནང་བ་དང་སྐབས་12པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་གྲོས་ཚོགས་ཐེངས་གཉིས་པའི་གྲོས་རིམ་གྱི་གྲོས་འགོ་ངོ་སྤྲོད་གནང་ཡོད་པ་རེད། རྒྱལ་ཁབ་གོང་འཕེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་དང་ནོར་སྲིད་པུའི་འགན་འཁུར་བ་ཁག་སོ་སོས་ལོ་ལྔའི་འཆར་འགོད་བཅུ་གཉིས་པའི་རྩ་གནད་ལག་བསྟར་བྱེད་རྒྱུའི་དུས་དཀྱིལ་དཔྱད་ཚོད་གནས་ཚུལ་དང་སྤྱི་ལོ་2013ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འཆར་གཞི་ལག་བསྟར་བྱེད་ཚུལ། ཀྲུང་དབྱང་གི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱེད་ཚུལ་བཅས་ཀྱི་སྙན་ཞུ་བྱས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག