མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རང་རྒྱལ་གྱི་ཡུལ་སྐོར་ལས་རིགས་ནས་དཔྱིད་གསར་དུས་ཆེན་གྱི་ངལ་གསོར་གྲ་སྒྲིག་ཡག་པོ་བྱེད་བཞིན་ཡོད་པ།

རྩོམ་པ་པོ། མིག་དམར་རྒྱ་མཚོ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-01-18 11:29

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཡུལ་སྐོར་ཅུད་ཀྱི་ཅུད་ཀྲང་གཞོན་པ་ཝུའུ་ཝུན་ཞོལ་གྱིས་སྤྱི་ཚེས་17ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གི་གསར་འགྱུར་ཟུར་གསལ་ཚོགས་འདུའི་ཐོག་དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་ཡུལ་སྐོར་གནས་ཚུལ་ངོ་སྤྲོད་གནང་སྐབས་སྤྱི་ལོ་2014ལོའི་དཔྱིད་གསར་དུས་ཆེན་ནི་རྒྱལ་ཡོངས་ཀྱི་ངལ་གསོའི་ལས་དོན་སྒྲིག་གཞི་ལག་བསྟར་བྱས་ཚུན་གྱི་དུས་བཟང་གཟའ་འཁོར་34པ་དེ་ཡིན། དཔྱིད་གསར་དུས་ཆེན་གྱི་ངལ་གསོའི་རིང་འགྲུལ་བཞུད་མང་བ་དང་། རང་སོ་སོས་རླངས་འཁོར་བཏང་ནས་ཡུལ་སྐོར་ལ་འགྲོ་མཁན་མང་དུ་འགྲོ་བ། གཙོ་གནད་མཛེས་ལྗོངས་ཁུལ་དང་གྲོང་ཁྱེར་གྱི་འཁྲུག་ཆ་དོད་པའི་ས་ཁུལ་དུ་མི་སྣ་འདུ་འཛོམས་ཆེ་བ། མང་ཚོགས་རང་བཞིན་གྱི་རིག་རྩལ་བྱེད་སྒོ་མང་བ་བཅས་ཡིན་པས་ཡུལ་སྐོར་བདེ་འཇགས་འགན་སྲུང་བྱེད་པའི་ལས་འགན་ལྗིད་པོ་ཡོད། རིམ་ཁག་ཡུལ་སྐོར་དོ་དམ་སྡེ་ཁག་ནས་ཡུལ་སྐོར་འགྲིམ་འགྲུལ་བདེ་འཇགས་ཀྱི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གནམ་གཤིས་ངན་པའི་སྔོན་བརྡ་དང་སྔོན་འགོག་ལས་དོན་ཡག་པོ་བསྒྲུབ་དགོས་པ། བདེ་འཇགས་སྟབས་བསྟུན་གྱི་ལས་རེས་དང་ཆ་འཕྲིན་སྙན་ཞུའི་ལམ་ལུགས་ལ་ཤུགས་སྣོན་རྒྱག་དགོས། རྒྱལ་ཁབ་ཡུལ་སྐོར་ཅུད་ནས་དུས་ཆེན་མ་སླེབས་གོང་ཡུལ་སྐོར་བདེ་འཇགས་ཞིབ་བཤེར་ཆེན་པོ་བཀོད་སྒྲིག་བྱས་ཟིན་ཡོད་ཅེས་གསུངས་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག