མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་དྲིལ་བསྒྲགས་པུའུ་སོགས་ཀྱིས་མཉམ་འབྲེལ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་སྤེལ་རེས་ཚོགས་འདུ་སྐོང་ཚོགས་བྱས་པ།

རྩོམ་པ་པོ། ཡེ་ཤེས་དབྱངས་ཅན།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-01-18 11:28

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ་1པོའི་ཚེས་16ནས་ཚེས་17ཉིན་བར་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་ཀྲུང་དབྱང་ཏང་གི་སློབ་གྲྭ སློབ་གསོ་པུའུ། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་། མཚོ་སྔོན་ཞིང་ཨུད་བཅས་ཀྱིས་མཚོ་སྔོན་ཟི་ལིང་དུ་མཉམ་འབྲེལ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གྱི་སྤེལ་རེས་ཚོགས་འདུ་སྐོང་ཚོགས་བྱས་ཡོད་པ་རེད། གྲོས་ཚོགས་ཐོག འགོ་ཁྲིད་ལས་བྱེད་པ་གཙོ་བོར་བཟུང་རྒྱུ་རྒྱུན་འཁྱོངས་ཀྱིས་རིམ་ཁག་ཏང་ཨུད་ལྟེ་གནས་ཚོགས་པའི་སློབ་སྦྱོང་དམ་འཛིན་ནན་པོ་བྱེད་དགོས་པ་དང་། གཞོན་ནུ་སློབ་མའི་སློབ་སྦྱོང་དམ་འཛིན་བྱེད་དགོས་པ། སློབ་སྦྱོང་དང་ལག་ལེན་བྱེད་སྒོ་གཞི་རིམ་ལ་བསྣུར་བསྲིངས་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་རབ་དང་རིམ་པའི་དགོངས་དོན་གྱིས་བསམ་བློར་དྲག་ཆས་སྤྲོད་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་བཅས་གཏོང་རྒྱུར་འབད་བརྩོན་བྱེད་དགོས་པའི་ནན་བཤད་བྱས་ཡོད་པ་རེད། འགྲེལ་བཤད་དང་རྒྱས་བཤད་ལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་དང་། རྒྱུན་མཐུད་གཏིང་ཟང་སྒོ་ནས་དྲིལ་བསྒྲགས་དང་གནས་ཚུལ་དགོས་སྤེལ་ཡག་པོ་བྱེད་དགོས་པ། རྒྱ་ཁྱབ་སྒོ་ནས་ཏང་གི་སློབ་གྲྭ་དང་སྤྱི་ཚོགས་ཚན་རིག་ཁང་། མཐོ་རིམ་སློབ་གྲྭ་སོགས་ཕྱོགས་ཁག་གི་སྟོབས་ཤུགས་སྐུལ་སློང་བྱས་ནས་ཞིབ་འཇུག་གཏིང་ཟབ་བྱེད་དགོས་པ་དང་། ཆུ་ཚད་མཐོ་བའི་ཞིབ་འཇུག་གྲུབ་འབྲས་ཁག་ཅིག་བཏོན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་ཆེད་རིག་པའི་གཞུང་ལུགས་ཀྱི་གདེགས་སྐྱོར་མཁོ་འདོན་བྱེད་དགོས་ཞེས་བསྟན་ཡོད་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག