མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཡུས་ཀྲིན་ཧྲིན་གྱིས་མགོ་འཛིན་མཛད་དེ་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡི་གྲོས་ཚོགས་ཐེངས་བདུན་པ་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-17 11:27


2014ལོའི་ཟླ་དང་པོའི་ཚེས16ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཏང་ཙུའུ་ཧྲུའུ་ཅི་ཡུས་ཀྲིན་ཧྲིན་གྱིས་མགོ་འཛིན་མཛད་དེ་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡི་གྲོས་ཚོགས་ཐེངས་བདུན་པ་བསྡུས་པར་མ་ཟད་གསུངས་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི། ཏང་ཙུའུ་ཧྲུའུ་ཅི་ཡུས་ཀྲིན་ཧྲིན་གྱིས་ཚེས16ཉིན་གྱི་ཕྱི་དྲོར་མགོ་འཛིན་མཛད་དེ་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡི་གྲོས་ཚོགས་ཐེངས་བདུན་པ་བསྡུས་པར་མ་ཟད་གསུངས་བཤད་གནང་། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གནང་བའི་གསུངས་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཚོགས་ཐོག་ནས་རྒྱལ་ཡོངས་སྲིད་གྲོས་ཏང་ཙུའུ་ཡིས་བསམ་བློ་དོན་དངོས་དང་འབྲེལ་ཏེ་ནན་ཏན་སྒོས་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་། བྱ་བའི་དོན་དངོས་དང་འབྲེལ་ཏེ་རྦད་ཆོད་སྒོས་དངོས་འབེབས་དང་ལག་བསྟར་བྱེད་དགོས། ཀྲུང་དབྱང་གི་རེ་བ་ལྟར་ངོས་ཟིན་སྔར་ལས་ཇེ་མཐོར་བཏང་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་འཁུར་ལག་བསྟར་ནན་མོ་བྱེད་དགོས་ཞེས་ནན་གྱིས་བསྟན།

ཚོགས་ཐོག་ནས་བསྟན་དོན། རྒྱལ་ཡོངས་སྲིད་གྲོས་ཏང་ཙུའུ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་ཀྱི་དགོངས་དོན་ལྟར། ད་ལོར་བྱ་བ་ལྔ་གཙོ་བོར་བཞག་ནས་དམ་འཛིན་བྱེད་དགོས། གཅིག སློབ་སྦྱོང་གཙིགས་སུ་བཟུང་ནས་རུལ་སུངས་ལ་ངོ་རྒོལ་དང་སྤྱོད་གཙང་དར་སྤེལ་བྱེད་པའི་གལ་ཆེན་རང་བཞིན་གྱི་ངོས་ཟིན་སྔར་ལས་ཇེ་མཐོར་གཏོང་དགོས། གཉིས། སྙན་ཞུ་འབུལ་བའི་ལམ་ལུགས་སྔར་ལས་འཐུས་ཚང་དུ་བཏང་ནས་སྙན་ཞུ་འབུལ་དགོས་པའི་ལས་དོན་གལ་ཆེན་ལ་གཏན་འཁེལ་གསལ་བོ་བྱེད་དགོས། གསུམ། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་འཁྲིའི་ལམ་ལུགས་སྔར་ལས་འཐུས་ཚང་དུ་བཏང་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བ་ས་ཆ་ཀུན་ཏུ་དངོས་འབེབས་བྱེད་དགོས། བཞི། རྒྱལ་ཡོངས་སྲིད་གྲོས་ཀྱི་ཏང་ཙུའུ་བྱ་བའི་སྒྲིག་སྲོལ་དང་དམངས་གཙོ་འཚོ་བའི་ལམ་ལུགས་སྔར་ལས་འཐུས་ཚང་དུ་བཏང་ནས་ཏང་ཙུའུ་ཡིས་ངེས་པར་དུ་རྩ་འཛུགས་དང་སློབ་སྦྱོང་། གྲོས་བསྡུར་བཅས་བྱེད་པའི་ལས་དོན་ལ་ནན་ཏན་སྒོས་ཞིབ་འཇུག་བྱེད་དགོས། ལྔ། རྒྱལ་ཡོངས་སྲིད་གྲོས་ཏང་ཙུའུ་ཁོངས་མིས་སྤྱོད་གཙང་རང་གཅུན་བྱེད་པའི་བྱེད་ཐབས་གཏན་འཁེལ་བྱེད་དགོས་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག