མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་ཏང་གི་སློབ་གྲྭས་ཉིས་སྟོང་བཅུ་གསུམ་ལོའི་སྟོན་ཁའི་སློབ་སྐབས་ཀྱི་མཐར་ཕྱིན་མཛད་སྒོ་བསྡུས་པ།

    2014-01-16 10:35


ཚེས15ཉིན། ཀྲུང་གུང་ཀྲུང་དབྱང་ཏང་གི་སློས་གྲྭས2013ལོའི་སྟོན་ཁའི་སློབ་སྐབས་ཀྱི་མཐར་ཕྱིན་མཛད་སྒོ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གཙོ་ལིག་ཡུན་ཧྲན་མཐར་ཕྱིན་མཛད་སྒོར་ཞུགས་པར་མ་ཟད། སློབ་མ་རྣམས་ལ་མཐར་ཕྱིན་འཛིན་ཡིག་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཏང་གི་སློས་གྲྭས་ཚེས15ཉིན2013ལོའི་སྟོན་ཁའི་སློབ་སྐབས་ཀྱི་མཐར་ཕྱིན་མཛད་སྒོ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གཙོ་ལིག་ཡུན་ཧྲན་མཐར་ཕྱིན་མཛད་སྒོར་ཞུགས་པར་མ་ཟད། སློབ་མ་རྣམས་ལ་མཐར་ཕྱིན་འཛིན་ཡིག་གནང་།

ཀྲུང་དབྱང་ཏང་གི་སློབ་གྲྭའི་ཐེངས་འདིའི་སློབ་སྐབས་ལ་བསྡོམས་པས་མཐར་ཕྱིན་སློབ་མ་ལྔ་བརྒྱ་དང་སོ་བདུན་ཡོད། སློབ་མ་རྣམས་ཀྱིས་བལྟས་ན་ཏང་གི་སློབ་གྲྭའི་གསོ་སྦྱོང་སྐབས་སུ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན། སློབ་གཙོ་ལིག་ཡུན་ཧྲན་གྱི་ཏང་གི་སློབ་གྲྭའི་གཏམ་བཤད་བཅས་ཀྱི་དགོངས་དོན་ལ་ནན་ཏན་གྱི་སྒོ་ནས་སློབ་སྦྱོང་བྱས་པ་བརྒྱུད་ཆབ་སྲིད་ཐད་ཀྱི་གོ་རྟོགས་དང་འགན་ཁུར་གྱི་འདུ་ཤེས་ཇེ་དྲག་ཏུ་བཏང་བར་མ་ཟད། མར་ཁེ་སི་རིང་ལུགས་ཀྱི་རྩ་བའི་གཞུང་ལུགས་དང་ལྷག་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་གཞུང་ལུགས་མ་ལག་ལ་སློབ་སྦྱོང་བཟང་བོ་བྱས་ཏེ། གཞུང་ལུགས་ཀྱི་སྤུས་ཚད་མཐོར་འདེགས་དང་ཕུགས་བསམ་གྱི་འདུ་ཤེས་ཇེ་བརྟན་དུ་བཏང་། སྙན་ཞུའི་འཆད་ཁྲིད་ལ་ནན་ཏན་གྱི་སྒོ་ནས་ཉན་པ་དང་དཀའ་སྤྱད་འབད་བརྩོན་གྱིས་སློབ་སྦྱོང་བྱས་ཏེ། མཐོང་རྒྱ་རྒྱ་བསྐྱེད་པ་དང་ཤེས་བྱའི་སྒྲིག་གཞི་འཐུས་ཚང་དུ་བཏང་ལ། གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ནས་གཞུང་ལུགས་གལ་ཆེན་དང་དོན་དངོས་གནད་དོན་ལ་དབྱེ་ཞིབ་དང་ཐག་གཅོད་པའི་ནུས་པ་མཐོར་འདེགས་སུ་བཏང་བར་མ་ཟད། ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་ནན་ཏན་གྱི་སྒོ་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། རང་འགུལ་སྒོས་སྤྱོད་ཚུལ་དང་སློབ་སྲོལ། རྩོམ་སྲོལ་བཅས་བསྒྱུར་ནས་ཏང་གཤིས་བློ་སྦྱོང་ཇེ་དྲག་ཏུ་བཏང་ཡོད་པར་འདོད།

ཀྲའོ་ལི་ཅི་ཐེངས་འདིའི་མཐར་ཕྱིན་མཛད་སྒོར་ཞུགས། ཀྲུང་དབྱང་ཏང་གི་སློབ་གྲྭའི་རྒྱུན་ལས་སློབ་གཙོ་གཞོན་པ་ཧི་དབྱི་ཐིན་གྱིས་མཐར་ཕྱིན་མཛད་སྒོའི་སྟེང་གཏམ་བཤད། ཁོས་སློབ་མ་རྣམས་ཀྱིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུངས་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་གཏིང་ཟབ་པའི་སྒོ་ནས་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། འགན་ཁུར་ལག་བསྟར་བྱེད་པར་བསམ་བློའི་ཆབ་སྲིད་ཀྱི་རྨང་གཞི་བཟང་བོ་ཞིག་འདིང་དགོས། བཅོས་བསྒྱུར་གསར་སྐྲུན་རྒྱུན་འཁྱོངས་དང་གཏན་འཇགས་ཀྱི་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པ་རྒྱུན་འཁྱོངས་བྱས་ནས་བློ་བརྟན་འགྱུར་མེད་སྒོས་བཅོས་བསྒྱུར་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་དང་སྤྱོད་ཚུལ་བསྒྱུར་བཅོས་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། རང་འགུལ་གྱི་སྒོ་ནས་ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་བྱེད་དགོས་ཟེར།

ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བ་དང་ཀྲུང་དབྱང་ཏང་གི་སློབ་གྲྭའི་འགན་ཁུར་བ་མཐར་ཕྱིན་མཛད་སྒོར་ཞུགས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག