མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཞི་ཅིན་ཕེན་གྱིས་མཛད་སྒོ་བསྡུས་ཏེ་པུར་ཀ་རི་ཡའི་ཙུང་ཐུང་ཀྲུང་གོར་འཚམས་འདྲིར་ཡོང་བར་དགའ་བསུ་ཞུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-14 11:00


ཟླ་དང་པོའི་ཚེས13ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་པུར་ཀ་རི་ཡའི་ཙུང་ཐུང་ལའོ་སིན་ཕུའུ་ལེ་ཧྥུའུ་ནེ་ལིས་ཨེ་ཧྥུའུ་དང་གྲོས་མོལ་མཛད། པར་འདི་ནི་གྲོས་མོལ་མ་བྱས་གོང་། ཞི་ཅིན་ཕེན་གྱིས་མཛད་སྒོ་བསྡུས་ཏེ་ལའོ་སིན་ཕུའུ་ལེ་ཧྥུའུ་ནེ་ལིས་ཨེ་ཧྥུའུ་ཀྲུང་གོར་འཚམས་འདྲིར་ཡོང་བར་དགའ་བསུ་ཞུ་བཞིན་པའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཟླ་དང་པོའི་ཚེས13ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཁང་བྱང་མའི་ནང་མཛད་སྒོ་བསྡུས་ཏེ་པུར་ཀ་རི་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལའོ་སིན་ཕུའུ་ལེ་ཧྥུའུ་ནེ་ལིས་ཨེ་ཧྥུའུ་རང་རྒྱལ་དུ་རྒྱལ་དོན་འཚམས་འདྲིར་ཡོང་བར་དགའ་བསུ་ཞུས། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་སིན་ཡོ་ཡོ་དང་རྒྱལ་སྲིད་ཨུ་ཡོན་དབྱང་ཅེ་ཁྲི། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིན་ཝུན་དབྱི་སོགས་དགའ་བསུ་ཞུ་བའི་མཛད་སྒོར་ཞུགས།

ཕུའུ་ལེ་ཧྥུའུ་ནེ་ལིས་ཨེ་ཧྥུའུ་དང་མཉམ་དུ་ཀྲུང་གོར་འཚམས་འདྲིར་ཡོང་བར་པུར་ཀ་རི་ཡའི་གྲོས་ཁང་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་སོགས་མཐོ་རིམ་དཔོན་པོ་མང་པོ་ཡོད།

དམག་དཔུང་གི་རོལ་མོའི་རུ་ཁག་གིས་པུར་ཀ་རི་ཡ་དང་ཀྲུང་གོ་གཉིས་ཀྱི་རྒྱལ་གླུ་དཀྲོལ། དེའི་རྗེས་སུ་ཕུའུ་ལེ་ཧྥུའུ་ནེ་ལིས་ཨེ་ཧྥུའུ་ཡིས་ཞི་ཅིན་ཕེན་དང་མཉམ་དུ་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་དམག་དཔུང་གསུམ་གྱི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་མཛད།

ཕུའུ་ལེ་ཧྥུའུ་ནེ་ལིས་ཨེ་ཧྥུའུ་ནི་ཞི་ཅིན་ཕེན་གྱིས་གདན་དྲངས་པ་ལྟར་རང་རྒྱལ་དུ་རྒྱལ་དོན་འཚམས་འདྲིར་ཡོང་བ་ཡིན་ལ། དེ་ནི་ཁོས་ཙུང་ཐུང་གི་འགན་ཁུར་རྗེས་ཐེངས་དང་པོར་ཀྲུང་གོར་འཚམས་འདྲིར་ཡོང་བ་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག