མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཀའོ་ལིས་ཀྱིས་ཐེངས་བཅུ་གསུམ་པའི་ལིས་སི་ཀོང་ས་གཤིས་ཚན་རིག་བྱ་དགའ་ཐོབ་མཁན་དང་བཞུགས་མོལ་མཛད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-14 11:00


ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཚེས13ཉིན་པེ་ཅིན་ནས་ཐེངས13པའི་ལིས་སི་ཀོང་ས་གཤིས་ཚན་རིག་བྱ་དགའ་ཐོབ་མཁན་དང་བཞུགས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཚེས13ཉིན་པེ་ཅིན་ནས་ཐེངས13པའི་ལིས་སི་ཀོང་ས་གཤིས་ཚན་རིག་བྱ་དགའ་ཐོབ་མཁན་དང་བཞུགས་མོལ་མཛད་སྐབས་གསུངས་རྒྱུར། རྒྱ་ཆེའི་ས་གཤིས་ཚན་རྩལ་བྱ་བ་སྒྲུབ་མཁན་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚན་རྩལ་བྱ་བའི་ཐབས་ཇུས་བཀོད་སྒྲིག་དང་རྒྱལ་ཁབ་ཚན་རྩལ་བྱ་དགའི་ཚོགས་ཆེན་གྱི་དགོངས་དོན་ལ་ནན་ཏན་སྒོས་སློབ་སྦྱོང་དང་དེ་ལག་ལེན་མཐར་ཕྱིན་བྱས་ཏེ། ལིས་སི་ཀོང་སྙིང་སྟོབས་དར་སྤེལ་དང་བཅོས་སྒྱུར་གསར་སྐྲུན་རྒྱུན་འཁྱོངས་བྱེད་པ་དང་། ས་གཤིས་ཚན་རྩལ་བྱ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་པར་མ་ཟད། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།

ཀྲང་ཀའོ་ལིས་ཀྱིས་གསུངས་རྒྱུར། རིམ་པ་སོ་སོའི་སྲིད་གཞུང་དང་འབྲེལ་ཡོད་ལས་ཁུངས་ཀྱིས་ས་གཤིས་བྱ་བར་ཧ་ཅང་མཐོང་ཆེན་བྱས་ཏེ། རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ཁྲོད་དུ་ས་གཤིས་བྱ་བ་སྔར་ལས་འབུར་དུ་ཐོན་པར་བྱེད་པ་དང་། ནོར་སྲིད་ཐད་ཀྱི་རྒྱབ་སྐྱོར་ཤུགས་ཚད་ཇེ་ཆེར་བཏང་ནས་ས་གཤིས་བྱ་བའི་རྒྱུན་ལྡན་རང་བཞིན་གྱི་དངུལ་གཏོང་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས་ཟེར།

ལིས་སི་ཀོང་ས་གཤིས་ཚན་རིག་བྱ་དགའ་དེ1989ལོར་བཙུགས་པ་དང་། ལོ་གཉིས་ཀྱི་ནང་དུ་ཐེངས་གཅིག་ལ་དཔྱད་འདེམ་བྱེད་བཞིན་ཡོད་ལ། དེ་ནི་རང་རྒྱལ་གྱི་ས་གཤིས་ལས་རིགས་ཀྱི་ཆེས་མཐོ་བའི་ཚན་རྩལ་བྱ་དགའ་ཡིན། ཕུལ་བྱུང་ས་གཤིས་ཚན་རྩལ་བྱ་བ་སྒྲུབ་མཁན་བཅུ་བཞི་ལ་ཐེངས་བཅུ་གསུམ་པའི་ལིས་སི་ཀོང་ས་གཤིས་ཚན་རིག་བྱ་དགའ་ཐོབ།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག