མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲང་ཏི་ཅང་གིས་ཕེ་རུ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཨོ་ཐཱ་ལོ་ལཱ་དང་གྲོས་མོལ་མཛད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-14 11:00


རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས13ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཕེ་རུ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཨོ་ཐཱ་ལོ་ལཱ་དང་གྲོས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲང་ཏི་ཅང་གིས་ཚེས13ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཕེ་རུ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ཨོ་ཐཱ་ལོ་ལཱ་དང་གྲོས་མོལ་མཛད།

གྲོས་མོལ་མཛད་སྐབས་ཀྲང་ཏི་ཅང་གིས་གསུངས་རྒྱུར། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་དང་ཕེ་རུ་ཡི་དཔལ་འབྱོར་དང་སྤྱི་ཚོགས་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་གཏོང་དགོས་ན་ང་ཚོས་བརྗེ་རེས་ལ་ཤུགས་སྣོན་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས་པ་དང་། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་པར་ཁྲིམས་ལུགས་ཀྱི་ཁོར་ཡུག་བཟང་བོ་ཞིག་བསྐྲུན་དགོས་པར་མ་ཟད་སྟོབས་དང་ལྡན་པའི་ཁྲིམས་ལུགས་འགན་སྲུང་འདོན་སྤྲོད་བྱེད་དགོས། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་དང་ཕེ་རུ་རྒྱལ་ཚོགས་གཉིས་ཀྱིས་རྒྱལ་ཁབ་རང་རང་གི་ཆབ་སྲིད་འཚོ་བའི་ཁྲོད་དུ་གོ་གནས་གལ་ཆེན་ཟིན་ཡོད་པས་རྒྱལ་ཁབ་གཉིས་ཀྱི་གྲོས་ཁང་བར་གྱི་མཛའ་མཐུན་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་གཏོང་དགོས་པ་དང་དེ་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་འཐབ་ཇུས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན། ཕྱོགས་གཉིས་ཀྱིས་རིམ་པ་སོ་སོའི་མཛའ་མཐུན་འགྲོ་འོང་ལ་ཤུགས་སྣོན་པ་དང་རྒྱལ་ཇུས་སྲིད་སྐྱོང་དང་དམངས་གཙོ་ཁྲིམས་ལུགས་འཛུགས་སྐྲུན་ཕྱོགས་ཀྱི་གནས་ཚུལ་བརྗེ་རེས་དེ་མཉམ་ལས་ཀྱི་ནང་དོན་གཙོ་བོར་བཞག་སྟེ་མུ་མཐུད་དུ་མཉམ་ལས་ཀྱི་ནང་དོན་ཕུན་སུམ་ཚོགས་པར་བཏང་ནས་མཉམ་ལས་ཀྱི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་དགོས་ཟེར།

ཨོ་ཐཱ་ལོ་ལཱ་ཡིས་བཤད་རྒྱུར། ཕེ་རུ་སྲིད་གཞུང་དང་རྒྱལ་ཚོགས། སྲིད་ཏང་སོ་སོ་བཅས་ཀྱིས་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་ཕེ་རུ་དང་ཀྲུང་གོའི་འབྲེལ་བ་བཟང་བ་དེས་ཕེ་རུ་རྒྱལ་ཁབ་ལ་ཁེ་ཕན་བཟང་བོ་བསྐྲུན། ཕེ་རུ་རྒྱལ་ཚོགས་ཀྱིས་ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་བར་གྱི་མཉམ་ལས་ལ་སྔར་ལས་ཤུགས་སྣོན་པ་དང་། ཁྲིམས་ལུགས་ཁོར་ཡུག་བཟང་བོ་བསྐྲུན་ཞིང་རྒྱལ་ཁབ་གཉིས་ཀྱིས་དངུལ་གཏོང་དང་གཏེར་ཐོན། ཞིང་ཐོན་དངོས་རྫས། གནས་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་ནས། གཉིས་ཕན་མཉམ་རྒྱལ་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་འདོད་ཡོད་ཟེར།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག