མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཝང་དབྱི་ཡིས་ཀྲུང་གོས་ཧྥེ་གླིང་ལ་རོགས་སྐྱོར་བྱེད་པའི་དོན་དངོས་ལས་གནས་ལུགས་དང་མི་མཐུན་པའི་གཏམ་བཤད་སྣ་ཚོགས་ལ་ནུས་པ་མེད་པ་བདེན་དཔང་བྱས་ཡོད་ཅེས་བསྟན་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-13 11:23


ཀྲུང་གོའི་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་ཚེས11ཉིན་སེ་ནེ་ཀལ་གྱི་རྒྱལ་ས་ཏ་ཁ་ཨར་དུ་ཀྲུང་གོས་རོགས་འཛུགས་བྱས་པའི་རྒྱལ་ཁབ་ཟློས་གར་ཁང་ཆེན་པོ་དང་ད་ལྟ་འཛུགས་སྐྲུན་བྱེད་བཞིན་པའི་མི་ནག་ཤེས་རིག་རྟེན་མཛོད་ཁང་གི་ཡུལ་དངོས་ལ་ལྟ་ཞིབ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་ཚེས11ཉིན་སེ་ནེ་ཀལ་གྱི་རྒྱལ་ས་ཏ་ཁ་ཨར་དུ་ཀྲུང་གོས་རོགས་འཛུགས་བྱས་པའི་རྒྱལ་ཁབ་ཟློས་གར་ཁང་ཆེན་པོ་དང་ད་ལྟ་འཛུགས་སྐྲུན་བྱེད་བཞིན་པའི་མི་ནག་ཤེས་རིག་རྟེན་མཛོད་ཁང་གི་ཡུལ་དངོས་ལ་ལྟ་ཞིབ་བྱེད་སྐབས། ཀྲུང་གོས་ཧྥེ་གླིང་ལ་རོགས་སྐྱོར་བྱེད་པའི་དོན་དངོས་ལས་གནས་ལུགས་དང་མི་མཐུན་པའི་གཏམ་བཤད་སྣ་ཚོགས་ལ་ནུས་པ་མེད་པ་བདེན་དཔང་བྱས་ཡོད་ཅེས་བསྟན།

ཝང་དབྱི་ཡིས་བཤད་རྒྱུར། ཧྥེ་གླིང་ལ་འཚམས་འདྲི་བྱེད་སྐབས་ཐོས་རྒྱུ་ཆེས་མང་བའི་སྐད་ཆ་ནི་དྲང་བདེན་མིན་པའི་ལོ་རྒྱུས་ཡོ་བསྲང་བྱེད་དགོས་པ་དེ་ཡིན་ལ། དེ་ནི་ཧྥེ་གླིང་སྤུན་ཟླས་སེམས་ཁོང་ནས་བཏོན་པའི་རེ་འབོད་ཡིན། ཧྥེ་གླིང་གི་ལོ་རྒྱུས་དྲང་བདེན་མིན་པ་དེ་ཕྱོགས་སོ་སོ་དང་འབྲེལ་བ་ཡོད་པ་དང་ཆེས་གལ་ཞིང་ཆེས་ཡོ་བསྲང་བྱེད་དགོས་པ་ནི་མི་ནག་ལ་དབང་བའི་ལ་རྒྱ་དང་གོ་གནས་སྔར་གསོ་བྱེད་རྒྱུ་དེ་ཡིན་པ་དང་། མི་ནག་གིས་མིའི་རིགས་ཀྱི་དཔལ་ཡོན་ཐད་ལ་བཞག་པའི་བྱས་རྗེས་ཡང་བསྐྱར་གསལ་བོར་ཤེས་པར་བྱེད་དགོས། མི་ནག་དཔལ་ཡོན་རྟེན་མཛོད་ཁང་ལེགས་འགྲུབ་འབྱུང་རྗེས་དེའི་ཐད་ལ་ནུས་པ་ཆེན་པོ་འདོན་ངེས་ཡིན་ཟེར།

ཝང་དབྱི་ཡིས་ད་དུང་ཡུལ་དངོས་ཀྱི་ཀྲུང་གོའི་འབྲེལ་ཡོད་བཟོ་སྐྲུན་ལག་རྩལ་པ་དང་བཟོ་བ་རྣམས་ལ་འཚམས་འདྲི་ཞུས་པ་དང་ཁོ་ཚོས་ཧྥེ་གླིང་ལ་སྒེར་སེམས་མེད་པར་བྱས་རྗེས་བཞག་པར་གཟེངས་བསྟོད་བྱས་པར་མ་ཟད། སེ་ནེ་ཀལ་སྲིད་གཞུང་དང་སྤྱི་ཚོགས་ཀྱི་ལས་རིགས་སོ་སོས་ཀྲུང་གོའི་རོགས་འཛུགས་མི་སྣར་སེམས་ཁུར་དང་རོགས་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུས།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག