མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རང་རྒྱལ་གྱི་འཚོལ་ཞིབ་འཕྲུལ་ཆས་ཀྱིས་ཟླ་བའི་མཚན་མོར་འཚོ་གནས་བྱེད་པའི་ལག་རྩལ་ཐད་ནས་གྲུབ་འབྲས་ཆེན་པོ་བླངས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-13 11:23

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་རྒྱལ་སྲུང་ཚན་རིག་བྱ་བ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2014ལོའི་ཟླ་དང་པོའི་ཚེས12ཉིན་གྱི་དུས་ཚོད8དང་སྐར་མ21སྟེང་ཟླ་བའི་ལྷ་མོ་རྟགས་ཅན་གྱི་འཕུར་གྲུ་གསུམ་པའི་ས་འབབ་འཕྲུལ་ཆས་ཀྱིས་འོད་སྣང་མཐོང་མ་ཐག་ཏུ་རང་འགུལ་སྒོས་གཉིད་ལས་སད་པ་དང་། དེའི་སྔོན་ལ་རི་བོང་རྟགས་ཅན་གྱི་ཟླ་བའི་སྐོར་ཞིབ་འཕྲུལ་ཆས་ཀྱང2014ལོའི་ཟླ་དང་པོའི་ཚེས11ཉིན་གྱི་དུས་ཚོད་ལྔའི་སྟེང་རང་འགུལ་སྒོས་གཉིད་ལས་སད། འཕྲུལ་ཆས་གཉིས་ཀྱིས་བདེ་བླག་ངང་ཟླ་བའི་མཚན་མོ་ཐོག་མ་རོལ་བ་དང་། སའི་གོ་ལའི་ཉིན་བཅུ་བཞི་རིང་གི་དྲོད་ཚད་ཆེས་དམའ་བའི་ཁོར་ཡུག་གི་ཉམས་སད་ཐེག་པ་དེ་ལས་རང་རྒྱལ་གྱི་འཚོལ་ཞིབ་འཕྲུལ་ཆས་ཀྱིས་ཟླ་བའི་མཚན་མོར་འཚོ་གནས་བྱེད་པའི་ལག་རྩལ་ཐད་ནས་གྲུབ་འབྲས་ཆེན་པོ་བླངས་བ་མཚོན་ཡོད།

མིག་སྔར་ཟླ་བའི་ལྷ་མོ་རྟགས་ཅན་གྱི་འཕུར་གྲུ་གསུམ་པའི་ས་འབབ་འཕྲུལ་ཆས་དང་རི་བོང་རྟགས་ཅན་གྱི་ཟླ་བའི་སྐོར་ཞིབ་འཕྲུལ་ཆས་གཉིས་ཀྱིས་རྒྱུན་ལྡན་ངང་བྱ་བ་སྒྲུབ་བཞིན་ཡོད་པ་དང་། ས་ངོས་ཀྱི་ཚད་ལེན་ཚོད་འཛིན་ས་ཚིགས་དང་ལྟེ་གནས་སོ་སོས་གཞི་གྲངས་བསྡུ་ལེན་དང་ཐག་གཅོད་བྱེད་པའི་བྱ་བ་རྒྱུན་ལྡན་རེད།  ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག