མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རང་རྒྱལ་གྱི་འབྲེལ་ཡོད་ཚན་པས་གཏན་ཚུགས་རྒྱུ་ནོར་ཐོ་འགོད་ཅུས་གང་མགྱོགས་འཛུགས་རྒྱུ་ཡིན་པ།

རྩོམ་པ་པོ། ལྷག་པ།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-01-12 10:58

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་ཆས་གཙོ་བོ་བྱས་པའི་གཏན་ཚུགས་རྒྱུ་ནོར་གཅིག་གྱུར་ཐོ་འགོད་ལམ་ལུགས་ལག་བསྟར་བྱེད་ཆེད། རྒྱལ་ཁོངས་ས་ཆའི་ཐོན་ཁུངས་པུས་ཀྲུང་དབྱང་གི་བཀོད་སྒྲིག་ལྟར། འབྲེལ་ཡོད་ཚན་པ་དང་མཐུན་སྦྱོར་གྱིས་པུའུ་དང་པུའུ་བར་གྱི་མཉམ་ཞུགས་གྲོས་ཚོགས་ལམ་ལུགས་འཛུགས་རྒྱུ་དང་གཏན་ཚུགས་རྒྱུ་ནོར་ཐོ་འགོད་ཅུས་གང་མགྱོགས་བཙུགས་ནས། གཏན་ཚུགས་རྒྱུ་ནོར་གཅིག་གྱུར་ཐོ་འགོད་ལས་དོན་ཏན་ཏིག་སྤེལ་རྒྱུ་ཡིན་པ་རེད།

ངོ་སྤྲོད་བྱུང་བར་གཞིགས་ན། ད་ལོ་རང་རྒྱལ་གྱིས་གཏན་ཚུགས་རྒྱུ་ནོར་ཐོ་འགོད་སྲོལ་ཡིག་འདོན་རྒྱུ་དང་། ཁྱོན་ཡོངས་ནས་གཏན་ཚུགས་རྒྱུ་ནོར་གཅིག་གྱུར་ཐོ་འགོད་བྱེད་ཆེད་ཁྲིམས་སྲོལ་གྱི་གཞི་འཛིན་ས་མཁོ་འདོན་བྱ་རྒྱུ་དང་། རྒྱལ་ཁོངས་ས་ཆའི་ཐོན་ཁུངས་པུའུ་དང་འབྲེལ་ཡོད་ཚན་པས་གཅིག་གྱུར་ཐོ་འགོད་ཆ་འཕྲིན་སྟེགས་བུ་འཛུགས་རྒྱུ་དང་། ཐོ་འགོད་དཔང་ཡིག་བཟོ་རྒྱུ། དེ་ནས་རིམ་བཞིན་རྒྱལ་ཡོངས་ཀྱི་ས་ཆ་ཐོ་འགོད་ཆ་འཕྲིན་གྱི་འགུལ་ཕྱོགས་ལྟ་སྐུལ་འདྲི་རྩད་མ་ལག་གིས་རྨང་གཞི་བྱས་ཏེ། གཏན་ཚུགས་རྒྱུ་ནོར་གཅིག་གྱུར་ཐོ་འགོད་ཆ་འཕྲིན་དོ་དམ་གྱི་རྨང་གཞིའི་སྟེགས་བུ་དང་འདྲི་རྩད་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ། ཆ་འཕྲིན་མཉམ་སྤྱོད་ལ་སྐུལ་སྤེལ་གཏོང་རྒྱུ་བཅས་ཡིན་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག