མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རང་རྒྱལ་གྱིས་མི་ས་ཡ་ལྔ་ཡན་ཟིན་པའི་གྲོང་ཁྱེར་གྱི་མཐའ་ཁུལ་དུ་དབྱེ་མཚམས་ཐིག་རྒྱག་འགོ་རྩོམ་རྒྱུ་རེད།

རྩོམ་པ་པོ། སྐལ་བཟང་བདེ་སྐྱིད།  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-01-12 10:58

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གྲོང་ཁྱེར་མཐའ་ཁུལ་གྱི་ཐོན་འབབ་མཐོ་བའི་ས་ཞིང་རིམ་བཞིན་འཛུགས་སྐྲུན་བྱས་ནས་བཟུང་བའི་གནས་བབ་ལ་འགྱུར་བ་གཏོང་ཆེད། རང་རྒྱལ་གྱིས་མི་འབོར་ས་ཡ་ལྔ་ཡན་ཟིན་པའི་གྲོང་ཁྱེར་ཆེན་པོའི་མཐའ་ཁུལ་དུ་གཏན་འཇགས་རང་བཞིན་གྱི་གཞི་རྩའི་ཞིང་ཁའི་དབྱེ་མཚམས་ཐིག་རྒྱག་འགོ་འཛུགས་རྒྱུ་ཡིན་པ་མ་ཟད། རིམ་བཞིན་གྲོང་ཁྱེར་དང་གྲོང་བརྡལ་ཆུང་ཆུང་། གྲོང་གསེབ་བཅས་ཚང་མར་ཁེབས་པའི་རྨོ་ཞིང་གི་དབྱེ་མཚམས་ཐིག་རྒྱག་རྒྱུ་ཡིན་པ་རེད།

གཞུང་ཁོངས་ས་ཆའི་ཐོན་ཁུངས་པུའི་པུའུ་ཀྲང་དང་། རྒྱལ་ཁབ་ཀྱི་ས་ཞིང་སྤྱི་ཁྱབ་ལྟ་ཞིབ་པ་ཅང་ཏ་མིང་གིས་སྤྱི་ཚེས10ཉིན། རང་རྒྱལ་གྱི་གྲོང་ཁྱེར་དང་གྲོང་བརྡལ་གྱི་མཐའ་ཁུལ་གྱི་རྨོ་ཞིང་མང་ཆེ་བ་ནི་དུས་ཡུན་རིང་པོའི་ནང་ཆགས་པའི་ཐོན་འབབ་མཐོ་བའི་ས་ཞིང་ཡིན། གྲོང་ཁྱེར་དང་གྲོང་བརྡལ་གྱི་གོང་འཕེལ་རྒྱུད་རིམ་ནང་། ཐོན་འབབ་མཐོ་བའི་ས་ཞིང་འདི་དག་ཁང་པ་སོགས་འཛུགས་སྐྲུན་བྱས་ནས་རིམ་བཞིན་བཟུང་བཞིན་ཡོད་པས། མཇུག་འབྲས་ཚབས་ཆེན་པོ་བཟོས་ཡོད། གཞུང་ཁོངས་ས་ཆའི་ཐོན་ཁུངས་པུའུ་དང་། ཞིང་ལས་པུས་གནད་དོན་འདིའི་ཐད་ཞིབ་འཇུག་ནན་ཏན་བྱས་ནས་ཐུན་མོང་ངོས་འཛིན་བྱུང་ཡོད་པ་དང་། ཐུན་མོང་ཐོག་དབྱེ་མཚམས་ཐིག་རྒྱག་རྒྱུའི་ལས་དོན་སྤེལ་རྒྱུའི་གཏན་འབེབས་བྱས་ཡོད། གཏན་འཇགས་ཀྱི་གཞི་རྩའི་ཞིང་སའི་དབྱེ་མཚམས་འབྱེད་རྒྱུ་དེ་ཐོག་མར་གོང་འཕེལ་གཞི་ཁྱོན་མི་འབོར་ས་ཡ་ལྔ་ཡན་ཟིན་པའི་གྲོང་ཁྱེར་ཆེན་པོའི་མཐའ་ཁུལ་ནས་ཚོད་འཛིན་བྱ་རྒྱུ་ནས་འགོ་འཛུགས་རྒྱུ་དང་། ཆེ་བ་ནས་ཆུང་བའི་བར་རིམ་བཞིན་རིགས་ཁག་གི་གྲོང་ཁྱེར་དང་གྲོང་བརྡལ་ཆུང་ཆུང་ལ་ཁེབས་པ་བྱ་རྒྱུ་དང་། ཐག་ཉེ་ས་ནས་རིང་སའི་བར་དང་། གྲོང་ཁྱེར་གྱི་མཐའ་ཁུལ་ནས་རྒྱ་ཆེའི་གྲོང་གསེབ་བར་རྒྱ་སྐྱེད་བཏང་སྟེ་གཞི་རྩའི་ས་ཞིང་ཡོངས་ལ་ཁེབས་པ་བྱ་རྒྱུ་རེད་ཅེས་གསུངས་ཡོད་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག