མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའ་གནང་བའི་ཚོགས་ཆེན་གཟབ་རྒྱས་ངང་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-12 10:57

中共中央国务院隆重举行国家科学技术奖励大会1.jpg

ཟླ་དང་པོའི་ཚེས་བཅུ་ཉིན། 2013ལོའི་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའ་གནང་བའི་ཚོགས་ཆེན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་ཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་2013ལོར་རྒྱལ་ཁབ་ཀྱི་ཆེས་མཐོའི་ཚན་རྩལ་ལག་རྩལ་བྱ་དགའ་ཐོབ་པའི་ཀྲུང་གོའི་ཚན་རིག་གླིང་གི་ཡོན་ཧྲི་ཁྲིན་ཁེ་ཅར་བྱ་དགའ་གནང་བ།

中共中央国务院隆重举行国家科学技术奖励大会2.jpg

ཟླ་དང་པོའི་ཚེས་བཅུ་ཉིན། 2013ལོའི་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའ་གནང་བའི་ཚོགས་ཆེན་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་ཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་2013ལོར་རྒྱལ་ཁབ་ཀྱི་ཆེས་མཐོའི་ཚན་རྩལ་ལག་རྩལ་བྱ་དགའ་ཐོབ་པའི་ཀྲུང་གོའི་ཚན་རིག་གླིང་གི་ཡོན་ཧྲི་ཀྲང་ཚུན་ཧའོ་ལ་བྱ་དགའ་གནང་བ།

中共中央国务院隆重举行国家科学技术奖励大会3.jpg

ཟླ་དང་པོའི་ཚེས་བཅུ་ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པེ་ཅིན་ནས་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའ་གནང་བའི་ཚོགས་ཆེན་གཟབ་རྒྱས་ངང་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ་ཚོགས་ཆེན་སྟེང་གསུང་བཤད་གནང་བ།

中共中央国务院隆重举行国家科学技术奖励大会4.jpg

ཟླ་དང་པོའི་ཚེས་བཅུ་ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པེ་ཅིན་ནས་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའ་གནང་བའི་ཚོགས་ཆེན་གཟབ་རྒྱས་ངང་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཚོགས་ཆེན་ལ་མགོ་འཛིན་མཛད་པ།

中共中央国务院隆重举行国家科学技术奖励大会5.jpg

ཟླ་དང་པོའི་ཚེས་བཅུ་ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པེ་ཅིན་ནས་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའ་གནང་བའི་ཚོགས་ཆེན་གཟབ་རྒྱས་ངང་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིག་ཡན་ཏུང་གིས་ཚོགས་ཆེན་སྟེང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་2013ལོའི་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའ་གནང་བའི་སྐོར་གྱི་ཆོད་དོན་སྒྲོག་འདོན་བྱས་པ།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཟླ1པོའི་ཚེས10ཉིན་གྱི་སྔ་དྲོར་པེ་ཅིན་ནས་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའ་གནང་བའི་ཚོགས་ཆེན་གཟབ་རྒྱས་ངང་བསྡུས། ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་ཞི་ཅིན་ཕེན་དང་ལིས་ཁི་ཆང་། ལིག་ཡུན་ཧྲན། ཀྲང་ཀའོ་ལིས་བཅས་ཚོགས་ཆེན་ལ་ཞུགས་པར་མ་ཟད་བྱ་དགའ་ཐོབ་པའི་འཐུས་མིར་བྱ་དགའ་གནང་། ལིས་ཁི་ཆང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ་ཚོགས་ཆེན་སྟེང་གསུང་བཤད་གནང་། ཀྲང་ཀའོ་ལིས་ཀྱིས་ཚོགས་ཆེན་ལ་མགོ་འཛིན་མཛད།

    མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་གློག་འོད་རྣམ་པར་བཀྲ་ཞིང་དགའ་སྐྱིད་དཔལ་གྱིས་ཁེངས་འདུག སྔ་དྲོའི་དུས་ཚོད་བཅུའི་སྟེང་ཚོགས་ཆེན་བརྗིད་ཉམས་ལྡན་པའི་རྒྱལ་གླུའི་ཁྲོད་ཚོགས་མགོ་བརྩམས།

    སྤྲོ་སེམས་རབ་ཏུ་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཐོག་མར་2013ལོར་རྒྱལ་ཁབ་ཀྱི་ཆེས་མཐོའི་ཚན་རྩལ་ལག་རྩལ་བྱ་དགའ་ཐོབ་པའི་ཀྲུང་གོའི་ཚན་རིག་གླིང་གི་ཡོན་ཧྲི། ཀྲུང་གོ་ཚན་རིག་གླིང་ཏ་ལེན་རྫས་འགྱུར་དངོས་ལུགས་ཞིབ་འཇུག་ཁང་གི་ཀྲང་ཚུན་ཧའོ་དང་། ཀྲུང་གོའི་ཚན་རིག་གླིང་གི་ཡོན་ཧྲི། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་སྤྱིའི་སྒྲིག་ཆས་པུའུ་ཡི་ཁྲིན་ཁེ་ཅ་གཉིས་ལ་བྱ་དགའི་དཔང་ཡིག་གནང་བར་མ་ཟད། དགའ་སྤྲོའི་ངང་ཁོ་ཚོར་ཕྱག་འཇུ་གནང་ཞིང་རྟེན་འབྲེལ་ཞུས། དེའི་རྗེས་སུ་ཞི་ཅིན་ཕེན་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་བྱ་དགའ་དང་རྒྱལ་ཁབ་ཀྱི་ལག་རྩལ་གསར་གཏོད་བྱ་དགའ། རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ཚན་རིག་ལག་རྩལ་མཉམ་ལས་བྱ་དགའ་བཅས་ཐོབ་པའི་འཐུས་མིར་བྱ་དགའ་གནང་།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་དེ་བྱ་དགའ་ཐོབ་པའི་མི་སྣར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་། རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཚན་རྩལ་བྱ་བ་སྒྲུབ་མཁན་དང་འཐབ་ཕྱོགས་སོ་སོའི་ཚན་རྩལ་ཡར་ཐོན་བྱ་བ་སྒྲུབ་བཞིན་པའི་མི་རྣམས་ལ་བླ་ན་མེད་པའི་གུས་འདུད་དང་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་པར་མ་ཟད། ཀྲུང་གོའི་ཚན་རྩལ་ལས་དོན་ཁྲོད་ཞུགས་པ་དང་དེར་སེམས་ཁུར་བྱེད་བཞིན་པའི་ཕྱི་རྒྱལ་གྱི་ཆེད་མཁས་པ་རྣམས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས།

    ལིས་ཁི་ཆང་གིས་གསུངས་རྒྱུར། དེང་སྐབས་རང་རྒྱལ་ངེས་པར་དུ་ཚན་རྩལ་གསར་སྐྲུན་ལ་སྔར་ལས་རྒྱབ་རྟེན་བྱེད་པ་དང་། དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན་ལ་སྣེ་ཁྲིད་དང་རྒྱབ་སྐྱོར་བྱེད་པའི་དུས་རིམ་གསར་བ་ཞིག་ཏུ་བསླེབས་ཡོད་པས། ངེས་པར་དུ་ཚན་རྩལ་གསར་སྐྲུན་ལ་རྒྱབ་རྟེན་བྱེད་ན། ད་གཟོད་ཐོན་ལས་ནུས་ཡོད་སྒོས་འཕེལ་རྒྱས་སུ་གཏོང་ཐུབ་པ་དང་། དཔལ་འབྱོར་གྱི་སྤྱིའི་ཆུ་ཚད་མཐོར་འདེགས་སུ་གཏོང་ཐུབ་ཟེར།

    ལིས་ཁི་ཆང་གིས་ནན་གྱིས་གསུངས་རྒྱུར། ཚན་རྩལ་གསར་སྐྲུན་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚགས་འཕེལ་རྒྱས་སུ་བཏང་སྟེ། གསར་སྐྲུན་གྱི་གྲུབ་འབྲས་དེ་དངོས་ཡོད་ཀྱི་ཐོན་སྐྱེད་ནུས་ཤུགས་ཤིག་ཏུ་བསྒྱུར་དགོས།  དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་དང་ཕན་འབྲས་མཐོར་འདེགས་སུ་གཏོང་བ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཁག་ཐེག་བྱེད་པ། དམངས་འཚོར་ཕན་བདེ་བསྐྲུན་པ། སྐྱེ་ཁམས་འཛུགས་སྐྲུན་དང་ལེགས་བཅོས་བྱེད་པ་བཅས་ལ་ཁ་ཕྱོགས་ཏེ། རྒྱལ་ཇུས་དམངས་འཚོའི་འཐབ་ཇུས་དང་འབྲེལ་བ་ཡོད་པའི་ཁྱབ་ཁོངས་སུ་གྲུབ་འབྲས་ཆེན་པོ་ལེན་ཐུབ་པར་བྱེད་པ་དང་། ཚན་རྩལ་དང་གསར་སྐྲུན་ལ་བརྟེན་ནས་མི་རྣམས་ཀྱི་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་ཀྱི་དཀའ་གནད་ཐག་གཅོད་བྱས་ནས། རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་ཕྱི་སྒྲུབ་པ་དང་། ཁྱིམ་ཚང་ཁྲི་སྟོང་མང་པོར་ཕན་བདེ་བསྐྲུན་དགོས་ཟེར།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལིས་ཀྱིས་ཚོགས་ཆེན་ལ་མགོ་འཛིན་མཛད་སྐབས་གསུངས་རྒྱུར། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རང་རྒྱལ་གྱི་ཚན་རིག་ལག་རྩལ་ལས་དོན་འཕེལ་རྒྱས་ཁྲོད་བྱས་རྗེས་ཁྱད་དུ་འཕགས་པ་བཞག་པའི་ཚན་རྩལ་བྱ་བ་སྒྲུབ་མཁན་ལ་བྱ་དགའ་གནང་བ་ལས་ཏང་དང་རྒྱལ་ཁབ་ཀྱིས་རང་རྒྱལ་གྱི་ཚན་རིག་ལག་རྩལ་ལས་དོན་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་དང་། རྒྱ་ཆེའི་ཚན་རྩལ་བྱ་བ་སྒྲུབ་མཁན་ལ་སྙིང་ཉེ་བའི་ངང་སེམས་ཁུར་བྱས་པ་མཚོན་ཡོད་པས། རྒྱ་ཆེའི་ཚན་རྩལ་བྱ་བ་སྒྲུབ་མཁན་གྱིས་དངོས་གཉེར་བདེན་འཚོལ་དང་གསར་གཏོད་གསར་སྐྲུན་གྱི་སྙིང་སྟོབས་མུ་མཐུད་དུ་འདོན་སྤེལ་བྱེད་དགོས་ལ། ཚན་རྩལ་གསར་སྐྲུན་བྱེད་པ་དང་། རྒྱལ་ཁབ་ལ་ཞབས་ཕྱི་སྒྲུབ་པ། མི་དམངས་ལ་བདེ་སྐྱིད་བསྐྲུན་པ་བཅས་ཀྱི་བསམ་བློ་བརྟན་པོར་བཅངས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་དགོས་པའི་རེ་བ་བཏོན།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིག་ཡན་ཏུང་གིས་ཚོགས་ཆེན་སྟེང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་2013ལོའི་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའ་གནང་བའི་སྐོར་གྱི་ཆོད་དོན་སྒྲོག་འདོན་བྱས།

    ཀྲང་ཚུན་ཧའོ་ཡིས་བྱ་དགའ་ཐོབ་པའི་མི་སྣ་ཡོངས་ཀྱི་ཚབ་བྱས་ཏེ་གཏམ་བཤད།

    བྱ་དགའ་གནང་བའི་ཚོགས་ཆེན་གྱི་སྔོན་ལ། ཞི་ཅིན་ཕེན་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པས་རྒྱལ་ཁབ་ཚན་རིག་ལག་རྩལ་གྱི་བྱ་དགའ་ཐོབ་པའི་འཐུས་མིར་མཇལ་འཕྲད་གནང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག