མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་སྲིད་གྲོས་ཀྱིས་བཞུགས་མོལ་ཚོགས་འདུ་བསྡུས་ནས་ཉིང་རྡུལ་གློག་འདོན་དང་དག་གཙང་ནུས་ཁུངས་འཕེལ་རྒྱས་ཐད་ལ་བློ་འདོན་ཇུས་འབུལ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-10 11:32


ཟླ་དང་པོའི་ཚེས9ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིན་ནས་གཟའ་འཁོར་གཉིས་ཀྱི་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས་ནས། ཉིང་རྡུལ་གློག་འདོན་དང་དག་གཙང་ནུས་ཁུངས་འཕེལ་རྒྱས་ལ་དམིགས་ཏེ་བློ་འདོན་ཇུས་འབུལ་བྱས། རྒྱལ་ཡོངས་སྲིད་ཇུས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་པ་མ་ཟད་གསུངས་བཤད་གནང་།
 

ཟླ་དང་པོའི་ཚེས་དགུ་ཉིན། རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིན་ནས་གཟའ་འཁོར་གཉིས་ཀྱི་བྱ་བའི་གྲོས་མོལ་གྱི་བཞུགས་མོལ་ཚོགས་འདུ་བསྡུས་ནས། ཉིང་རྡུལ་གློག་འདོན་དང་དག་གཙང་ནུས་ཁུངས་འཕེལ་རྒྱས་ལ་དམིགས་ཏེ་བློ་འདོན་ཇུས་འབུལ་བྱས། རྒྱལ་ཡོངས་སྲིད་ཇུས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་པར་མ་ཟད་གསུངས་བཤད་གནང་། པར་འདི་ནི་གྲོས་ཚོགས་ཀྱི་སྔོན་ལ་ཡུས་ཀྲིན་ཧྲིན་གྱིས་ཚོགས་ཞུགས་འཐུས་མིར་ཕྱག་འཇུ་གནང་བཞིན་པའི་ཚུལ་རེད།
 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཀྱིས་ཟླ་དང་པོའི་ཚེས9ཉིན་གྱི་ཕྱི་དྲོར་པེ་ཅིན་ནས་གཟའ་འཁོར་གཉིས་ཀྱི་བྱ་བའི་གྲོས་མོལ་བཞུགས་མོལ་ཚོགས་འདུ་བསྡུས་ནས། ཉིང་རྡུལ་གློག་འདོན་དང་དག་གཙང་ནུས་ཁུངས་འཕེལ་རྒྱས་ལ་དམིགས་ཏེ་བློ་འདོན་ཇུས་འབུལ་བྱས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་པར་མ་ཟད་གསུངས་བཤད་གནང་།

བཞུགས་མོལ་ཚོགས་འདུའི་སྟེང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ཆེད་མཁས་པ་ཁ་ཤས་ཀྱིས་ཉིང་རྡུལ་གློག་འདོན་དང་དག་གཙང་ནུས་ཁུངས་འཕེལ་རྒྱས་སུ་བཏང་སྟེ། བདེ་འཇགས་ལ་ཁག་ཐེག་བྱེད་པ་སོགས་གནད་དོན་ཐད་ལ་བསམ་འཆར་དང་གྲོས་གཞི་བཏོན།

ཨུ་ཡོན་རྣམས་ཀྱིས་བལྟས་ན། ཉིང་རྡུལ་གློག་འདོན་དང་དག་གཙང་ནུས་ཁུངས་འཕེལ་རྒྱས་སུ་གཏོང་བ་དང་། ནུས་ཁུངས་གྲུབ་ཚུལ་ལེགས་སྒྲིག་བྱེད་པ་ནི་དཔལ་འབྱོར་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་གཏོང་བ་དང་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་གནད་དོན་གཙོ་བོ་ཞིག་ཡིན། བདེ་འཇགས་ལ་ཁག་ཐེག་བྱེད་པའི་རྨང་གཞིའི་སྟེང་བརྟན་འཇགས་དང་གོ་རིམ་ལྡན་པའི་སྒོ་ནས་ཉིང་རྡུལ་གློག་འདོན་འཛུགས་སྐྲུན་བྱེད་པ་དང་། ཉིང་རྡུལ་གློག་འདོན་ལས་གཞིའི་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ། ལྟ་སྐུལ་དོ་དམ་སྒྲིག་གཞི་ལེགས་སྒྲིག་བྱེད་པ། ཉིང་རྡུལ་གློག་འདོན་གྱི་བདེ་འཇགས་ལྟ་སྐུལ་ལ་ཤུགས་སྣོན་པ་བཅས་བྱེད་དགོས་པར་མ་ཟད། ཆུ་གློག་མྱུར་དུ་འཕེལ་རྒྱས་སུ་གཏོང་བ་དང་། རླུང་ཤུགས་གློག་འདོན་ལས་དོན་ཧུར་ཐག་སྒོས་དར་སྤེལ་བྱེད་པ། སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཉི་འོད་གློག་འདོན་ལས་དོན་འཕེལ་རྒྱས་སུ་གཏོང་དགོས་པར་སྙམ། ཡུས་ཀྲིན་ཧྲིན་གྱིས་ཚང་མས་གཏམ་བཤད་པར་ཞིབ་ཏུ་ཉན་པར་མ་ཟད། ཚང་མ་དང་མཉམ་དུ་གྲོས་བསྡུར་བྱས།

ཉེ་བའི་ལོ་འགའི་རིང་ལ། ཨུ་ཡོན་རྣམས་ཀྱིས་ཉིང་རྡུལ་གློག་འདོན་དང་དག་གཙང་ནུས་ཁུངས་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། 2013ལོར་དམངས་གཙོ་རྒྱལ་འཛུགས་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གིས་དག་གཙང་ནུས་ཁུངས་འཕེལ་རྒྱས་ཀྱི་གནད་དོན་ལ་དམིགས་ནས་ཆེད་དོན་རྟོག་ཞིབ་བྱས་པར་མ་ཟད་གྲོས་གཞི་བཏོན། བཞུགས་མོལ་ཚོགས་འདུའི་སྟེང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། དམངས་གཙོ་རྒྱལ་འཛུགས་ཀྲུང་དབྱང་གི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་མཱ་ཕེ་ཧྭ་ཡིས་དེའི་ཐད་ནས་གཏམ་བཤད།

རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། རྒྱལ་ཁབ་ནུས་ཁུངས་ཅུའུ་ཡི་ཅུའུ་ཀྲང་ཝུའུ་ཞིན་ཞུང་གིས་རང་རྒྱལ་གྱི་ཉིང་རྡུལ་གློག་འདོན་དང་དག་གཙང་ནུས་ཁུངས་འཕེལ་རྒྱས་ཀྱི་གནས་ཚུལ་མཚམས་སྦྱོར་བྱས།  ། 

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག