མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

རྒྱལ་ཡོངས་སྲིད་གྲོས་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བས་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་ཅིན་གོ་ལྷ་ཁང་ལ་མཇལ་བའི་ཐད་ནས་གཏམ་བཤད་སྤེལ་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-12-29 10:50

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བས་ཚེས27ཉིན་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་ཅིན་གོ་ལྷ་ཁང་ལ་འཇལ་བའི་ཐད་ནས་གཏམ་བཤད་སྤེལ།  

འགན་ཁུར་བ་དེས་བཤད་རྒྱུར། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་གྱིས་ཀྲུང་གོ་དང་ཨེ་ཤ་ཡའི་ཁྱིམ་མཚེས་རྒྱལ་ཁབ་ཀྱི་མི་དམངས་ཚོས་ངོ་རྒོལ་དྲག་པོ་བྱས་པར་མ་འཛེམས་པར། བསམ་བཞིན་དུ་ཅིན་གོ་ལྷ་ཁང་ལ་མཇལ་བ་དང་། དེའི་དམིགས་ཡུལ་གཙོ་བོ་ནི་འཇར་པན་དམག་རྒྱལ་རིང་ལུགས་ཀྱིས་ཕྱི་ཕྱོགས་ལ་བཙན་འཛུལ་བྱས་པ་དང་མི་སེར་སྤེལ་བའི་ལོ་རྒྱུས་ལེགས་སྒྱུར་བྱེད་འདོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཇར་པན་དམག་རྒྱལ་རིང་ལུགས་ལ་དྲང་བདེན་གྱི་ཁྲིམས་ཆད་བཅད་པ་མགོ་རྟིང་སློག་སྟེ། འཛིང་གླིང་འཁྲུག་ཆེན་ཐེངས་གཉིས་པའི་མཇུག་འབྲས་དང་འཁྲུག་ཆེན་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་ལ་མངོན་གསལ་སྒོས་འགྲན་སློང་རྒྱུ་དེ་ཡིན་ལ། དེ་ནི་ཀྲུང་གོ་དང་དམག་འཁྲུག་སྐབས་སུ་གནོད་འཚེ་ཐེབས་པའི་ཨེ་ཤ་ཡའི་རྒྱལ་ཁབ་གཞན་པའི་མི་དམངས་ལ་འགྲན་བསླངས་པ་ཞིག་ཡིན་པས། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་ལ་ཞུགས་པའི་ཏང་ཁག་སོ་སོ་དང་། ཚོགས་པ་སོ་སོ། རིགས་སོ་སོ་དང་ལས་རིགས་སོ་སོའི་མི་རྣམས་དེར་ཁོང་ཁྲོ་ཆེན་པོ་ལངས་ཡོད་ཅིང་། རྒོལ་གཏམ་དྲག་པོ་གཏོང་བཞིན་ཡོད་པ་མ་ཟད། ཀྲུང་གོ་སྲིད་གཞུང་གིས་འདིའི་ཕྱོགས་ནས་འཇར་པན་ཕྱོགས་ལ་བསྟན་པའི་ལངས་ཕྱོགས་བརྟན་པོར་བློ་ཐག་རྦད་ཆོད་ཀྱིས་རྒྱབ་སྐྱོར་བྱས་པ་ཡིན་ཟེར།

རྒྱལ་ཡོངས་སྲིད་གྲོས་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བས་བཤད་རྒྱུར། འཇར་པན་གྱི་མགོ་ཁྲིད་པ་ཅིན་གོ་ལྷ་ཁང་ལ་འཇལ་བ་དེས། ཀྲུང་གོ་མི་དམངས་ཀྱི་སེམས་སུ་སྡུག་བསྔལ་བཟོས་པ་མ་ཟད། ཀྲུང་གོ་དང་འཇར་པན་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཇེ་བཟང་དུ་གཏོང་བ་དང་འཕེལ་རྒྱས་སུ་གཏོང་བར་ཆབ་སྲིད་ཀྱི་བར་ཆད་ཆེན་པོ་བཟོས་པས། བྱ་སྤྱོད་དེར་ཨེ་ཤ་ཡའི་མཐའ་འཁོར་གྱི་ཁྱིམ་མཚེས་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོགས་ཟོན་མཐོན་པོ་དང་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་ལ། འཇར་པན་ཕྱོགས་ཀྱིས་ངེས་པར་དུ་བྱ་སྤྱོད་དེ་ལས་བྱུང་བའི་མཇུག་འབྲས་ཡོད་ཚད་ལ་འགན་འཁུར་དགོས་ཞེས་བསྟན།   

ང་ཚོས་འཇར་པན་ཕྱོགས་ཀྱིས་བྱེད་ཐབས་སྤྱད་དེ་ནོར་འཁྲུལ་ཡོ་བསྲང་བྱེད་པ་དང་། ཤུགས་རྐྱེན་ངན་པ་མེད་པར་བཟོས་ནས། བྱ་སྤྱོད་དངོས་ལས་ཨེ་ཤ་ཡའི་ཁྱིམ་མཚེས་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཡིད་ཆེས་སུ་འཇུག་དགོས་པ་དང་། བྱ་སྤྱོད་དངོས་ལས་ཀྲུང་གོ་དང་འཇར་པན་གཉིས་ཀྱི་འབྲེལ་བའི་དོན་ཆེན་ལ་སྲུང་སྐྱོབ་བྱེད་རྒྱུའི་འབོད་སྐུལ་དྲག་པོ་བཏང་བ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག